ཞི་ཅིན་ཕིང་གིས་ཀྲུང་གོ་ཉིན་རེའི་ཚགས་པར་གསར་དུ་བཏོན་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྐུར་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-28


        ཀྲུང་གོ་ཉིན་རེའི་ཚགས་པར་གསར་དུ་བཏོན་ནས་ལོ་ངོ་40འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྐུར་གནང་ནས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་། ཚགས་པར་ཁང་གི་ལས་བྱེད་ལས་བཟོ་པ་དང་། ཕྱི་རྒྱལ་གྱི་རིགས་གཅིག་མཁས་པ། མཛའ་གྲོགས་མི་སྣ་བཅས་ལ་ལྷག་བསམ་རྣམ་པར་དག་པའི་འཚམས་འདྲི་ཞུས་གནང་ཡོད་པ་རེད།
        ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ་ངོ་40སོང་རིང་ཀྲུང་གོ་ཉིན་རེའི་ཚགས་པར་གྱིས་རང་ངོས་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོའི་བསྒྱུར་བཅོས་གོང་འཕེལ་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་། ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་པ། ཀྲུང་གོའི་འབོད་སྒྲ་རྒྱུད་སྤེལ་བྱེད་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་བསྟན་ཡོད།
        ཞི་ཅིན་ཕིང་གིས། ཀྲུང་གོ་ཉིན་རེའི་ཚགས་པར་གྱིས་ཚགས་པར་གསར་དུ་བཏོན་ནས་ལོ་40འཁོར་བ་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས། ཀྲུང་ཕྱི་འབྲེལ་གཏུགས་དང་འཛམ་གླིང་སྦྲེལ་མཐུད་ཀྱི་འགན་འཁྲི་བརྟན་པོར་ཁུར་བ་དང་། ཁྱོན་ཡོངས་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ། ཕྱི་ཕྱོགས་ལ་སྐད་ཆ་བཤོད་པའི་མ་ལག་གསར་གཏོད། སྨྱན་སྦྱོར་ཡོངས་ཀྱི་རྒྱུད་སྤེལ་གནས་བབ་ཆགས་པ། བྱང་ཚད་མཐོ་བའི་དཔུང་ཁག་འཛུགས་སྐྱོང་། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། ཀྲུང་གོའི་གོང་འཕེལ་གྱི་འདུ་ཤེས་དང་། གོང་འཕེལ་ལམ་བུ། གོང་འཕེལ་གྲུབ་འབྲས་བཅས་དེ་བས་ལེགས་པའི་སྒོ་ནས་ངོ་སྤྲོད་བྱས་པ། དངོས་བདེན་དང་། ལངས་གཟུགས། ཁྱོན་ཡོངས་བཅས་ཀྱི་ཀྲུང་གོ་དེ་བས་ལེགས་པའི་སྒོ་ནས་ངོ་སྤྲོད་བཅས་བྱས་ཐོག ཀྲུང་གོ་དང་འཛམ་གླིང་གི་སྤེལ་རེས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ཐུགས་རེ་གནང་ཡོད།
        ཀྲུང་གོ་ཉིན་རེའི་ཚགས་པར་ནི་སྤྱི་ལོ་1981ལོའི་ཟླ་6པའི་ཚེས་1ཉིན་གསར་དུ་བཏོན་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་གོ་ལ་ཧྲིལ་པོར་འགྲེམས་སྤེལ་བྱེད་པའི་རྒྱལ་ཁབ་རིམ་པའི་དབྱིན་ཡིག་ཉིན་རེའི་ཚགས་པར་ཐོག་མ་དེ་ཡིན། ལོ་ངོ་40ལྷག་གི་གོང་འཕེལ་བརྒྱུད། གོ་ལ་ཅན་དང་། མི་ཚོགས་དབྱེ་བ། སྐད་རིགས་སྣ་ཚོགས། སྨྱན་སྦྱོར་ཧྲིལ་པོའི་རྒྱུད་སྤེལ་མ་ལག་བཅས་ཆགས་ཡོད་ཅིང་། ཚགས་པར་འགྲེམས་སྤེལ་བྱེད་ཚད་ཁྲི་70ཙམ་ཟིན་པ། སྨྱན་སྦྱོར་ཧྲིལ་པོ་སྤྱོད་མཁན་མི་གྲངས་དུང་ཕྱུར་3.5ལས་བརྒལ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1