ཞི་ཅིན་ཕིང་གིས་འཛམ་གླིང་ཁོར་ཡུག་ཁྲིམས་འཛིན་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-31



    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཁོར་ཡུག་ཁྲིམས་འཛིན་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
    ཞི་ཅིན་ཕིང་གིས། སའི་གོ་ལ་ནི་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་ཡིན། འཛམ་གླིང་རྒྱལ་ཁབ་ཁག་གིས་ཕྱར་བ་གྲུ་འདེགས་དང་བྱ་སྤྱོད་མྱུར་པོ་སྤེལ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས། ཀྲུང་གོས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མཉམ་ལས་ལ་ཧུར་ཐག་ཞུགས་ཀྱི་ཡོད། ཀྲུང་གོས་ཁོར་ཡུག་ཁྲིམས་འཛིན་གྱི་སྒྱུར་བཅོས་གསར་གཏོད་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་ལ་ཁྲིམས་འཛིན་ཐད་ནས་སྲུང་སྐྱོང་བྱེད་པའི་ཕན་ཡོད་ཀྱི་ཉམས་མྱོང་བསགས་ཡོད། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་རྩ་འཛུགས་དང་མཉམ་ལས་བྱས་ཏེ་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
    འཛམ་གླིང་ཁོར་ཡུག་ཁྲིམས་འཛིན་ཚོགས་ཆེན་དེ་ཚེས་26ཉིན་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། བརྗོད་དོན་གཙོ་བོ་ནི“ཁྲིམས་འཛིན་གྱི་ནུས་པ་བཏོན་ནས་སྐྱེ་ཁམས་ཤེས་དཔལ་ལ་སྐུལ་འདེད་གཏོང་བ། སའི་གོ་ལའི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་མཉམ་དུ་སྐྲུན”ཞེས་པ་དེ་རེད། ཚོགས་ཆེན་ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡིས་མཉམ་འབྲེལ་ཐོག་འཚོགས་པ་ཞིག་རེད།


རྩོམ་ཡིག་རྗེས་མ།
习近平主持召开中央全面深化改革委员会第十九次会议

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1