གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་སྐད་བརྙནའཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༠༡ཉིན།

ཧུ་ར་སྨད་མའི་དམངས་ཁྲོད་ཞབས་བྲོ་རུ་ཁག་གིས་ཏང་གི་འཁྲུངས་སྐར་བསུས།



        ཨ་མཆོག་ཧུ་ར་སྨད་མ་སྡེ་བའི་དམངས་ཁྲོད་སྲོལ་རྒྱུན་ཞབས་བྲོ་རུ་ཁག་གིས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་ཞབས་བྲོ་འཁྲབ་སྟོན་གྱིས་ལེགས་སྐྱེས་ཕུལ།
        ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར༡༠༠ལོན་པའི་འཁྲུངས་སྐར་ཡིན་པས།ཏང་གི་གསར་བརྗེ་ལོ་རྒྱུས་ལ་སློབ་སྦྱོང་མཐའ་འཁྱོངས་དང་ཏང་གི་གཟི་འོད་འབར་བའི་བཞུད་ལམ་ལ་ཕྱིར་མིག་བལྟ་བ།ཏང་གི་རླབས་ཆེན་གྲུབ་འབྲས་མངོན་པར་བསྟོད་པ་བཅས་ཀྱི་ཆེད་དུ།ཧུང་ཡོན་རྫོང་ཨ་མཆོག་གྲོང་རྡལ་ཧུ་ར་སྨད་མ་སྡེ་བའི་དམངས་ཁྲོད་སྲོལ་རྒྱུན་ཞབས་བྲོ་རུ་ཁག་གིས་གནས་བབས་འདི་དང་བསྟུན་ནས། ཏང་གི་འཁྲུངས་སྐར་བསུ་བའི་ཆེད་དོན་འཁྲབ་སྟོན་གྲ་སྒྲིག་གང་ལེགས་བྱས་ཡོད་པ་དང་། དུས་ཡུན་ངེས་གཏན་མེད་པར་ཟླ་ཚེས་སྐ་ཁུག་གི་གཡང་གི་འབྲོག་ཁྱིམ་སྐྱིད་པོ་ནས། ཡུལ་སྐོར་བ་གཙོ་བྱས་ཐག་ཉེ་རིང་ཀུན་གྱི་འགྲོ་འོང་སྐུ་མགྲོན་རྣམས་ལ་༼སྐལ་བཟང་ལགས་༽དང་༼ནམ་མཁར་པེ་ཅིན་༽སོགས་གཙོ་བྱས་པའི་ཞབས་བྲོ་འཁྲབ་སྟོན་བྱས་ཏེ། ཏང་ལ་བསྟོད་པ་དང་ཏང་གི་བཀའ་དྲིན་རྗེས་སུ་དྲན་པའི་སེམས་ཚོར་སྣུམ་པོ་ཀུན་གྱི་སྤྱན་ལམ་དུ་ཕུལ་བཞིན་ཡོད།

        ཨ་མཆོག་ཧུ་ར་སྨད་མའི་དམངས་ཁྲོད་སྲོལ་རྒྱུན་ཞབས་བྲོ་རུ་ཁག་ནི་༢༠༡༩ལོའི་སྤྱི་ཟླ༣པར་གསར་དུ་ཚུགས་པ་ཡིན་ལ། གཙོ་བོ་སྡེ་བའི་ནང་གི་ཏང་ཡོན་རྒན་པ་དང་། སྡེ་བའི་འགོ་ཁྲིད་རྒན་པ། སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་པ། གསར་བརྗེའི་སྔོན་གཤེགས་དཔའ་བོ་བློ་མཐུན་གྲ་རྒྱམ་གྱིས་སྦྱོང་བརྡར་བྱས་མྱོང་བའི་དམངས་དམག་སོགས་བུད་མེད་བློ་མཐུན་རྒན་པ་སྐོར་ཞིག་གིས་གྲུབ་པ་ཡིན་པ་དང་། རུ་ཁག་འདིར་སྡོམ་པས་སྐྱེས་མ༡༥འདུས་པར་མ་ཟད། ཆེས་ཆུང་བའི་རུ་མི་ལོ་ན༥༥ཡིན་པ་དང་། ཆེས་ཆེ་བའི་རུ་མི་ལོ་ན༧༥ཡིན་འདུག  རྒྱུན་པར་ང་ཚོ་ཡུལ་གྲོང་སོ་སོར་བཅར་འདྲིར་འགྲོ་བའི་ལམ་ཁར་ཁོ་ཚོའི་སྣང་བརྙན་དེ་མིག་གི་མཐོང་ལམ་དུ་ཡང་ཡང་རྒྱུ་སྲིད་ལ། སྤྱིར་བཏང་དུ་ཁོང་ཚོར་ལུས་ཀྱི་བདེ་ལྕག་འཁྱུག་པའི་ན་གཞོན་ཚོ་ལྟ་བུའི་སྟངས་སྟབས་མེད་ལ། ཆེད་ལས་འཁྲབ་སྟོན་པ་ལྟ་བུའི་འགུལ་སྟངས་ཀྱི་ཉམས་འགྱུར་དཀོན་ནའང་། ཁོང་ཚོའི་རྣམ་རིག་དང་འཛུམ་མདངས། བརྩོན་ཤུགས་དང་མཐུན་སྒྲིལ་ནི་འཚོ་བའི་སྤྲོ་སྣང་ཞིག་དང་རྒྱལ་ཁ་ཞིག་ཡིན་པ་ངང་གིས་རྟོགས་ཐུབ། 
        ངེད་གསར་འགོད་པས་ལམ་བར་དུ་རྒྱུས་ལོན་བྱས་པ་ལྟར་ན། ཀྲུང་གོ་གུང་ཁྲན་ཏང་གི་ཟེར་བརྒྱའི་ཉི་འོད་འོག་ཏུ། སྐྱེས་མ་རྒན་པ་དེ་ཚོས་རང་ཉིད་ཀྱིས་དངོས་སུ་འཚོ་བའི་འགྱུར་ལྡོག་མི་འདྲ་བ་དང་། སྤྱི་ཚོགས་ཀྱི་འཕེལ་རྒྱས་མི་འདྲ་བ་ཡོད་ཚད་ཉམས་སུ་མྱངས་ཡོད་པས། དེས་མེས་རྒྱལ་སྟོབས་འབྱོར་ལྡན་ཞིང་། སྤྱི་ཚོགས་འཆམ་མཐུན་ཡོད་པ། མི་དམངས་བདེ་སྐྱིད་ལྡན་པའི་ད་ལྟའི་འཚོ་བ་ཡོད་ཚད་ལ་དཔང་བོ་ཐུབ་པ་སྨོས་མ་དགོས་ལ། ཁོང་ཚོས་ཏང་གི་བཀའ་དྲིན་རྗེས་སུ་དྲན་པར་བྱས་ཏེ། མེས་རྒྱལ་ལ་དགའ་བ་དང་ཏང་གི་གཟི་དཔལ་མངོན་པར་བསྟད་དེ། བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་སྣང་མང་གྲ་སྒྲིག་འཁྲབ་སྟོན་བྱས་དང་བྱེད་བཞིན་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1