གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༠༢ཉིན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉས་སཱ་ནཱ་གནམ་གྲུ་ཐང་དང་ཧི་ཐེ་ཏཱ་གྲུ་ཁའི་བཀག་སྡོམ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་ཡེ་མིན་གྱི་སཱ་ནཱ་གནམ་གྲུ་ཐང་དང་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཧི་ཐེ་ཏཱ་གྲུ་ཁའི་བཀག་སྡོམ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་། 
        ཀི་ལི་ཧྥེ་སི་ཡིས་ཉིན་དེར་སཱ་ནཱ་གནམ་གྲུ་ཐང་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། བཀག་རྒྱ་དེ་དག་སེལ་ནས་ཡེ་མིན་གྱི་མང་ཚོགས་ལ་མྱུར་དུ་མཁོ་བའི་འབར་རྫས་དང་དངོས་རྫས་དག་ཐོབ་པར་བྱེད་དགོས། ཁོས་བསྟན་དོན། ཧུའུ་སེ་དྲག་ཆས་པས་ཡེ་མིན་དབུས་ཕྱོགས་ཀྱི་མཱ་ལི་པུའུ་ཞིང་ཆེན་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ཀྱིས་འབྲེལ་ཡོད་ཕྱོགས་ཀྱི་ཞི་བའི་བྱ་སྤྱོད་ལ་བཀག་རྒྱ་བཟོས་པར་མ་ཟད་མི་བརྒྱ་ཕྲག་འགའི་ཚེ་སྲོག་ལ་ཉེན་ཁ་བཟོས་ཡོད་པས། འཁྲུག་རྩོད་མཚམས་འཇོག་པ་དེ་ཡེ་མིན་གྱི་མང་ཚོགས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར། 
        ཀི་ལི་ཧྥེ་སི་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་རུ་འབྱོར་ནས་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། དེའི་སྐབས་སུ་ཧུའུ་སེ་དྲག་ཆས་པའི་མགོ་ཁྲིད་པ་ཧུའུ་སེ་དང་གྲོས་མོལ་བྱས། 
        ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཧུའུ་སེ་ཡིས་གྲོས་མོལ་བྱེད་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་ལ་གནོན་ཤུགས་བྱིན་ནས། མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་བྱང་ཕྱོགས་ས་ཁུལ་དུ་ལག་བསྟར་བྱེད་པའི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་བར་སྐུལ་མ་གཏོང་དགོས་པའི་འབོད་སྐུལ་བཏང་།  །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1