དཀར་མཛེས་ཁུལ་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་ཁོར་ཡུག་ཤུགས་རྐྱེན་དཔྱད་འཇོག་ལས་ཁུངས་ཀྱི་གཞུགས་མོལ་གྲོས་ཚོགས་འཚོགས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-13


           སྤྱི་ཟླ་1པའི་ཚེས་9ཉིན། དཀར་མཛེས་ཁུལ་ཡོངས་ཀྱི་ཁོར་ཡུག་ཤུགས་རྐྱེན་དཔྱད་འཇོག་ལས་ཁུངས་ཀྱི་འགན་འཁྲིའི་འདུ་ཤེས་ཇེ་བརྟན་ཡོང་བའི་ཆེད་དང་། ཁོར་ཡུག་ཤུགས་རྐྱེན་དཔྱད་འཇོག་ཡིག་ཆའི་རྩོམ་སྒྲིག་དང་ལས་ཀའི་ནུས་པ་འཐོར་འདེགས་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་ཞབས་ཞུའི་ཁོར་ཡུག་ལེགས་བསྒྱུར་དང་སྲིད་ཇུས་ལག་བསྟར་གྱིས་ཞིབ་བཤེར་ཆོག་མཆན་སྤྲོད་པའི་ལས་ཆོད་མཐོར་འདེགས་ཡོང་བ། ཁུལ་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་ཞུ་ཡག་པོར་བསྒྲུབ་དགོས་པ་སོགས་ཀྱི་ཆེད་དུ། དཀར་མཛེས་ཁུལ་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་ཁོར་ཡུག་ཤུགས་རྐྱེན་དཔྱད་འཇོག་ལས་ཁུངས་ཀྱི་གཞུགས་མོལ་གྲོས་ཚོགས་འཚོགས་ཤིང་། དཀར་མཛེས་ཁུལ་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱི་ཅུས་ཀྲང་སྐུ་ཞབས་ཡོན་ལིའང་དང་ལས་བགོས་དོ་དམ་གྱི་ཅུས་ཀྲང་སྐུ་ཞབས་ལའོ་ཞུའེ་དབྱིན། འབྲེལ་ཡོད་འགན་འཁུར་མི་སྣ་དག་གྲོས་ཚོགས་སུ་ཞུགས་ཡོད།

           གྲོས་ཚོགས་སུ་ཐོག་མར། དཀར་མཛེས་ཁུལ་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་འགྲེམ་སྤེལ་བྱས་པའི་《དཀར་མཛེས་ཁུལ་སྲིད་གཞུང་གི་དངུལ་འཇོག་རིགས་ཀྱི་ལས་གཞིའི་རྣམ་གྲངས་ཁོར་ཡུག་ཤུགས་རྐྱེན་དཔྱད་འཇོག་ལས་ཁུངས་ཀྱི་དོ་དམ་ལམ་ལུགས།》ཞེས་པ་ངོ་སྤྲོད་དང་སྦྲགས། 《ལམ་ལུགས།》ཀྱི་གལ་ཆེན་རིང་བཞིན་དང་དགོས་ངེས་རང་བཞིན། དེ་བཞིན་འབྲེལ་ཡོད་ནང་དོན་བཅས་ལ་འགྲེལ་བརྗོད་གནང་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1