གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༠༢ཉིན།

ར་རྔ་ཁ་སློབ་ཆུང་གིས་དྲུག་གཅིག་བྱིས་པའི་དུས་ཆེན་འདི་ལྟར་བསུ།


 ར་རྔ་ཁ་སློབ་ཆུང་གིས་དྲུག་གཅིག་བྱིས་པའི་དུས་ཆེན་འདི་ལྟར་བསུ།

        ཟླ5པའི་ཚེས31ཉིན། དར་མདོ་གྲོང་ཁྱེར་ར་རྔ་ཁ་སློབ་ཆུང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་རྟེན་འབྲེལ་དང་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་དགའ་སྟོན་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ་རེད།

 

ར་རྔ་ཁ་སློབ་ཆུང་གིས་དྲུག་གཅིག་བྱིས་པའི་དུས་ཆེན་འདི་ལྟར་བསུ།

ར་རྔ་ཁ་སློབ་ཆུང་གིས་དྲུག་གཅིག་བྱིས་པའི་དུས་ཆེན་འདི་ལྟར་བསུ།

        སློབ་རའི་གང་ས་གང་དུ་དར་ཚོན་སྣ་ལྔས་ཀུན་ནས་བརྒྱན་ཏེ་དུས་སྟོན་གྱི་རྣམ་པས་ཁེངས་པ་དང་། དགེ་སློབ་ཡོངས་ཀྱི་གདོང་ན་སུབ་མི་ཐུབ་པའི་འཛུམ་མདངས་མངོན་བཞིན་དགའ་སྐྱིད་ཀྱི་དཔལ་མོ་ལྷག་ཏུ་རྒྱས། རྒྱན་གོས་རྒྱས་སྤྲོས་བྱས་པའི་སློབ་མ་ཆུང་ཆུང་ཚོ་ནི་དཔྱིད་མགོ་མེ་ཏོག་བཞད་པ་བཞིན་ལྷག་པར་མཛེས་པས་སློབ་རའི་མཛེས་རྒྱན་ཞིག་ཏུ་གྱུར་ཡོད།

ར་རྔ་ཁ་སློབ་ཆུང་གིས་དྲུག་གཅིག་བྱིས་པའི་དུས་ཆེན་འདི་ལྟར་བསུ།
ར་རྔ་ཁ་སློབ་ཆུང་གིས་དྲུག་གཅིག་བྱིས་པའི་དུས་ཆེན་འདི་ལྟར་བསུ།
ར་རྔ་ཁ་སློབ་ཆུང་གིས་དྲུག་གཅིག་བྱིས་པའི་དུས་ཆེན་འདི་ལྟར་བསུ།

        སྔ་དྲོའི་དུས་ཚོད་དགུ་པའི་ཐོག  སྐར་ལྔའི་རྒྱལ་དར་མཁའ་ལ་བསྒྲེངས་ཤིང་དགེ་སློབ་དང་སྐུ་མགྲོན་ཡོངས་ཀྱིས་རྒྱལ་གླུ་མཉམ་བླངས་ཀྱི་ཁྲོད་ནས་དྲུག་གཅིག་བྱིས་པའི་དུས་ཆེན་དང་ཀྲུང་གོ་གོང་ཁྲན་ཏང་དབུ་བརྙེས་ན་ལོ་བརྒྱ་འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོའི་མགོ་བརྩམས་བྱུང་།

 ར་རྔ་ཁ་སློབ་ཆུང་གིས་དྲུག་གཅིག་བྱིས་པའི་དུས་ཆེན་འདི་ལྟར་བསུ།
ར་རྔ་ཁ་སློབ་ཆུང་གིས་དྲུག་གཅིག་བྱིས་པའི་དུས་ཆེན་འདི་ལྟར་བསུ།

        ཐེངས་འདིའི་བྱིས་པའི་དུས་ཆེན་གྱི་མཛད་སྒོའི་ནང་བྱིས་བློ་ཏང་ལ་ཕྱོགས། ཕུགས་འདུན་འགྲུབ་པར་བྱེད་ཅེས་པའི་བརྗོད་གཞིར་གཞིགས་ནས་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་རིག་རྩལ་གྱི་གླུ་གར་འཁྲབ་སྟོན་སྣ་མང་སྤེལ་ཞིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་དང་ལྟད་མོ་བ་རྣམས་ལ་སྲོལ་རྒྱུན་གྱི་ཞབས་བྲོ་དང་། གེ་སར་གྱི་ཟློས་གར། མེས་རྒྱལ་ལ་བསྟོད་པ་དང་ཏང་གི་བཀའ་དྲིན་དྲན་པ་སོགས་ཡིད་དབང་འགུག་པའི་འཁྲབ་སྟོན་གྱི་ལེ་ཚན་མང་པོ་ཞིག་གིས་དུས་ཆེན་གཉིས་བསུའི་གླུ་གར་གྱི་མཆོད་པ་གྱ་ནོམ་པ་ཞིག་ཕུལ་བ་རེད།

ར་རྔ་ཁ་སློབ་ཆུང་གིས་དྲུག་གཅིག་བྱིས་པའི་དུས་ཆེན་འདི་ལྟར་བསུ།

ར་རྔ་ཁ་སློབ་ཆུང་གིས་དྲུག་གཅིག་བྱིས་པའི་དུས་ཆེན་འདི་ལྟར་བསུ།

        མཛད་སྒོའི་མཇུག་ན་ར་རྔ་ཁ་གྲོང་བརྡལ་གྱི་སྡེ་བ་སོ་སོའི་སྡེ་དཔོན་རྣམས་ཀྱིས་སློབ་མའི་ཁྱིམ་བདག་གི་ཚབ་བྱས་ཏེ་ངེད་སློབ་གྲྭའི་དགེ་རྒན་ཡོངས་ལ་རེ་འདུན་གྱི་དར་དཀར་ཕུལ་ནས་རྟེན་འབྲེལ་འགྲིག་ཅིང་བདེ་ལེགས་ཡོང་པའི་སྨོན་འདུན་དང་བཅས་ཏེ་དུས་ཆེན་གྱི་བྱེད་སྒོའི་མཇུག་བསྡུས་སོ།།

ར་རྔ་ཁ་སློབ་ཆུང་གིས་དྲུག་གཅིག་བྱིས་པའི་དུས་ཆེན་འདི་ལྟར་བསུ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1