བྱིས་པ་དག་སེམས་ལ་དམ་པོར་བཅངས་ནས་བརྩེ་སེམས་ཀྱིས་མཐའ་མཚམས་ལ་དྲོད་སྣང་སྦྱིན།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-03



དྲག་ཆས་ཉེན་རྟོག་འཕྲུལ་སྒུལ་སྤྱི་ཁྱབ་རུ་ཁག་གཉིས་པའི་ཡན་ལག་རུ་ཁག་ག་གེ་མོས་བཅའ་སྡོད་བྱ་ཡུལ་གྱི་
སློབ་ཆུང20ལྷག་ཙམ་ལ་བྱིས་པའི་དུས་ཆེན་གྱི་སྨོན་འདུན་བསྐྱལ་པ།

          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “དྲུག་གཅིག”བྱིས་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་དྲག་ཆས་ཉེན་རྟོག་འཕྲུལ་སྒུལ་སྤྱི་ཁྱབ་རུ་ཁག་གཉིས་པའི་ཡན་ལག་རུ་ཁག་ག་གེ་མོའི་དཔོན་དམག་དག་ལམ་རྒྱུད་དང་བཅའ་སྡོད་བྱ་ཡུལ་གྱི་སློབ་ཆུང་དུ་བསྐྱོད་དེ་བདེ་ཐང་ངང་འཚར་ལོངས་བྱུང་བཞིན་པའི་བྱིས་པ་ཚོར་འཚམས་འདྲི་བྱས་པ་རེད།

ཡན་ལག་རུ་ཁག་འདིའི་དཔོན་དམག་གིས་ཁོར་ཁེ་ཙི་རིགས་ཀྱི་གྲོགས་པོ་ཆུང་ཆུང་ལ་རྒྱ་ཡིག་ངོས་འཛིན་བྱེད་དུ་འཇུག་བཞིན་པ།

ཡན་ལག་རུ་ཁག་འདིའི་དཔོན་དམག་དང་ཁོར་ཁེ་ཙི་རིགས་ཀྱི་གྲོགས་པོ་ཆུང་ཆུང་ཚོ་རོལ་རྩེད་རྩེ་བཞིན་པ།
           བརྗིད་ཉམས་དོད་པའི་ཁེ་ལ་ཁུ་ནུ་གངས་རིའི་འདབས་སུ་བུ་བཅོལ་ཁང་ཞིག་བཙུགས་ཡོད་ཅིང་སློབ་གྲྭ་དེར་ཁོར་ཁེ་ཙི་རིགས་ཀྱི་སློབ་མ8ལས་མེད། ཕ་མ་ཚོས་ཕྱུགས་འཚོས་ནས་མཐའ་མཚམས་སྲུང་བའི་ལས་ཀ་བྱེད་ཀྱི་ཡོད། ཕྱི་ལ་ཕྱིན་ན་གཟའ་འཁོར་གཅིག་གམ་ཡང་ན་དེ་ལས་ཀྱང་རིང་བ་འགོར་གྱི་ཡོད་ལ་བྱིས་པ་དང་མཉམ་དུ་སྡོད་པའི་དུས་ཚོད་ཧ་ཅང་ཉུང་ཉུང་ཡིན་པས། དུས་ཚོད་མང་ཆེ་བ་སློབ་གྲྭར་མངགས་ནས་དེ་གར་ལྟ་སྐྱོང་བྱེད་ཀྱི་ཡོད། བྱིས་པ་ཚོ་དགའ་སྤྲོའི་ངང་འཚར་ལོངས་བྱུངཆེད། ཡན་ལག་རུ་ཁག་དེའི་དཔོན་དམག་གིས་བུ་བཅོལ་ཁང་དེ་དང་ཆ་སྒྲིག་རོགས་སྐྱོར་བྱེད་ཀྱི་ཡོད་ཅིང་། ངལ་གསོའི་དུས་ཚོད་ལ་སླེབས་ཐེངས་རེར་སློབ་གྲྭར་ཁོ་ཚོར་ལྟ་བར་ཡོང་གི་ཡོད་པ་མ་ཟད།  ད་དུང་དཔོན་དམག་ཚོས་རེས་མོས་ངང་སློབ་ཕྲུག་ཚོའི་སློབ་ཕྱིའི་ཟུར་ཁྲིད་པའང་བཀོད་སྒྲིག་བྱེད་ཀྱི་ཡོད། ད་ལོའི་བྱིས་པའི་དུས་ཆེན་གྱི་སྔ་ནུབ་ཏུ་ཡན་ལག་རུ་ཁག་དེས་དེ་གར་བཅའ་སྡོད་བྱེད་མཁན་རུ་འབྲིང་ག་གེ་མོའི་དཔོན་དམག་ཚོས་སྔར་བཞིན་དུས་ཆེན་གྱི་འཚམས་རྟགས་གྲ་སྒྲིག་བྱས་ནས་སློབ་གྲྭར་སློབ་ཕྲུག་ཚོར་ལྟ་བར་ཡོང་པ་རེད། སློབ་གྲྭར་སླེབས་མ་ཐག་བྱིས་པ་ཚོ་དཔོན་དམག་དག་གི་མདུན་སར་རྒྱུག་ནས་དགའ་སྤྲོའི་ངང་དྲག་ཆས་ཉེན་རྟོག་དཔོན་དམག་ལ“ཐཱ་ཧ”(ཨ་ཁུ་ཞེས་པའི་དོན།)ཞེས་འབོད་ཀྱི་ཡོད། དེའི་རིང་དཔོན་དམག་ཚོས་བྱིས་པ་ཚོ་དང་མཉམ་དུ་རྩེད་མོ་རྩེ་བ་མ་ཟད། ཁོ་ཚོར་རྒྱ་ཡིག་ངོས་འཛིན་དང་གཏམ་རྒྱུད་བཤད་པའི་བྱེད་ཐབས་ཀྱང་ཁྲིད་ཀྱི་ཡོད། སློབ་མ་ཚོས་དཔུང་སྡེར་ཤེས་རྟོགས་བྱེད་རོགས་བྱ་ཆེད། ཁོ་ཚོས་ད་དུང་སློབ་གྲྭའི་དགེ་སློབ་དམག་སྒར་དུ་ལྟ་སྐོར་བྱེད་པར་གདན་དྲངས་པ་དང་། དཔོན་དམག་ཚོས་དམག་རྒྱག་སྒྲིག་ཆས་གཙོ་བོ་སྤྱད་དེ“ངར་ལྕགས་གི་དཔའ་བོའི”འཇོན་ཐང་ཞིག་ཀྱང་ངོམ་ཞིང་། གྲོགས་པོ་ཆུང་ཆུང་ཚོས་ཡ་མཚན་ངང་སེམས་ནང་གི་ཐེ་ཚོམ་འདྲི་རྩད་ཡང་ཡང་བྱས་པས། ཡུལ་དངོས་སུ་དགའ་སྤྲོའི་དགོད་སྒྲས་ཁེངས་ཤིང་དགའ་སྐྱིད་དཔལ་ལ་རོལ་བཞིན་མཆིས།

ཡན་ལག་རུ་ཁག་དེའི་དཔོན་དམག་གིས་གྲོགས་པོ་ཆུང་ཆུང་དག་དམག་སྒར་ལ་ལྟ་སྐོར་དུ་འཁྲིད་བཞིན་པ།

ཡན་ལག་རུ་ཁག་དེའི་དཔོན་དམག་གིས་གྲོགས་པོ་ཆུང་ཆུང་ཚོར་རྐོ་འདྲུའི་འཕྲུལ་འཁོར་གྱིས་ཤེལ་དམ་གྱི་ཁ་ཕྱེ་བའི་རྩལ་སྟོན་བཞིན་པ།
           རི་བོ་ཧི་མ་ལ་ཡ་དང་གཉན་ཆེན་ཐང་ལྷའི་འབྲེལ་མཚམས་ཀྱི་འཁྱགས་རོམ་གྱི་ཕ་ས་ཏེ་སྤོ་བོ་རྫོང་ཡིད་འོང་ཞང་དེ་གྲོག་རོང་ཆེན་མོའི་གཡང་གཟར་དུ་གནས་ཡོད་ཅིང་། ཞང་དེའི་སློབ་ཆུང་གཅིག་པུ་དེར་བརྒྱད་གཅིག་དམར་དམག་སློབ་ཆུང་ཞེས་འབོད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་ཡན་ལག་རུ་ཁག་དེའི་དཔོན་དམག་གིས་ཁོ་ཚོ་དམག་དཔུང་དང་ས་གནས་མཉམ་སྐྲུན་ཧུར་ཐག་བྱས་ནས་སློབ་གྲྭའི་སློབ་གཉེར་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་པ་དང་། སློབ་རིམ་འཕར་ཚད་ལོ་རེ་བཞིན་མཐོ་རུ་འགྲོ་བར་རོགས་རམ་བྱས་པས་ཉེ་འཁོར་གྱི་སློབ་ཆུང་གྲགས་ཅན་དུ་གྱུར་ཡོད། ད་ལོའི་བྱིས་པའི་དུས་ཆེན་སྐབས་སུ་ཐུང་མའེ་རུ་འབྲིང་ག་གེ་མོར་བཅའ་སྡོད་ཡན་ལག་རུ་ཁག་གི་དཔོན་དམག་ཚོས་ཞིབ་ཚགས་ངང་བདམས་པའི་འཚམས་རྟགས་འཁྱེར་ཏེ། ཆེད་འཁོར་ལ་བསྡད་དེ་སྤྱི་ལེ40ཙམ་བསྐྱོད་དེ་སློབ་གྲྭའི་དགེ་སློབ་ཚོར་དུས་ཆེན་གྱི་སྨོན་འདུན་དང་འཚམས་འདྲི་ཞུས་པ་རེད། སློབ་གྲྭའི་ནང་དཔོན་དམག་ཚོས་དམག་དོན་གྱི་སློབ་ཚན་ཁྲིད་དེ་སློབ་མ་ཚོར་མཐོང་ཚོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པར་སློབ་གྲྭའི་དགེ་སློབ་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་དང་ཆབས་ཅིག  དཔོན་དམག་དག་གིས་གོ་སྐབས་དེ་དང་བསྟུན་ནས་སློབ་གྲྭའི་དགེ་སློབ་ལ་རྒྱལ་སྲུང་སློབ་གསོའི་ཤེས་བྱ་ཁྲིད་པ་ཡིན་ལ། དེའི་དམིགས་ཡུལ་ནི་གྲོགས་པོ་ཆུང་ཆུང་ཚོར་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་གཅེས་པའི་འདུ་ཤེས་འཛུགས་རྒྱུ་དང་། སྒྲིག་བཀུར་ཁྲིམས་སྲུང་དང་མཐའ་སྲུང་སྲ་བརྟན་གྱི་སྤྱི་དམངས་བཟང་པོ་ཞིག་བྱ་རྒྱུའི་ཁྲིད་སྟོན་བྱ་རྒྱུ་མ་ཟད། ད་དུང་ཁོ་ཚོར་རིག་གནས་ཤེས་བྱ་སློབ་སྦྱོང་ཡག་པོ་བྱས་ནས་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་བྱ་རྒྱུའི་ལྕག་སྐུལ་བྱས།

ཡན་ལག་རུ་ཁག་དེའི་དཔོན་དམག་དང་སའེ་ཐུའུ་ཁོར་ཁེ་ཙི་རིགས་ཀྱི་གྲོགས་པོ་ཆུང་ཆུང་ཚོས་མཉམ་དུ“དྲུག་གཅིག”ལ་རྟེན་འབྲེལ་ཞུ་བཞིན་པ།

ཡན་ལག་རུ་ཁག་དེའི་དཔོན་དམག་གིས་ཡིད་འོང་ཞང་བརྒྱད་གཅིག་དམར་དམག་སློབ་ཆུང་གི་སློབ་མར་དུས་ཆེན་གྱི་འཚམས་རྟགས་གནང་བཞིན་པ །
           བོད་ཤར་རྒྱུད་ཀྱི་སྨར་ཁམས་སུ་ཡན་ལག་རུ་ཁག་དེའི་དཔོན་དམག་དག་ཁ་རྐྱང་གྲོང་ཚོའི་སློབ་ཆུང་དུ་ཡོང་ནས་སློབ་གྲྭའི་གྲོགས་པོ་ཆུང་ཆུང་ཚོར་སློབ་སྦྱོང་གི་མཁོ་ཆས་སྤྲོད་པ་དང་ཆབས་ཅིག་ཁོ་ཚོར་དམིགས་བསལ་དུས་ཆེན་གྱི་འཚམས་རྟགས་ཤིག་ཀྱང་སྤྲད་པ་རེད། ལུས་རྩལ་ཐང་དུ་དཔོན་དམག་ཚོས་སློབ་མ་ཚོར་རྒྱལ་སྲུང་མཐའ་སྲུང་གི་དཔའ་བོའི་མི་སེམས་འགུལ་བའི་གཏམ་རྒྱུད་འཆད་ཀྱི་ཡོད་ལ། ལག་ནང་གི་ཞ་སྨྱུག་གིས་དཔའ་བོའི་རྣམ་པ་མཚོན་པའི་སྐྱ་རིས་འབྲི་བཞིན་ཡོད། བྱིས་པ་ཚོས་གཏམ་རྒྱུད་ཉན་ཚར་བ་ན་འཐབ་འཛིང་པ་ཞའོ་ཁྲེན་གྱི་རི་མོ་ཡང་བྲིས་ཚར་པ་དང་། རི་མོ་དེ་ནི་རུ་འབྲིང་གི་དཔོན་དམག་དག་གི་མིང་ཐོག་ནས་སློབ་གྲྭ་དེ་གར་ཉར་ཚགས་འགྲེམས་སྟོན་དུ་ཕུལ་བ་རེད།

ཡན་ལག་རུ་ཁག་དེའི་དཔོན་དམག་གིས་ཁ་རྐྱང་གྲོང་ཚོའི་སློབ་ཆུང་གི་སློབ་ཕྲུག་ཚོར་མཐའ་སྲུང་དཔའ་བོའི་སྣང་བརྙན་རི་མོ་བྲིས་བཞིན་པ།

 ཡན་ལག་རུ་ཁག་དེའི་དཔོན་དམག་གིས་ཁ་རྐྱང་གྲོང་ཚོའི་སློབ་ཆུང་གི་སློབ་མར་མཐའ་སྲུང་དཔའ་བོའི་གཏམ་རྒྱུད་བཤད་བཞིན་པ།
          ཡན་ལག་རུ་ཁག་དེའི་ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རེན་ཝུའུ་ཞའོ་ཡིས། བྱིས་པའི་དུས་ཆེན་རིང་། ཁྲོན་བོད་ལམ་རྒྱུད་དང་ཤིན་བོད་ལམ་རྒྱུད་ཀྱི་སྤྱི་ལེ2600ལྷག་ཙམ་གྱི་ལམ་རྒྱུད་ཀྱི་གཞི་རིམ་རུ་འབྲིང20ལྷག་ཙམ་གྱི་དཔོན་དམག་གཅིག་རྗེས་གཉིས་མཐུད་ངང་བཅའ་སྡོད་བྱ་ཡུལ་གྱི་སློབ་ཆུང་དུ་བསྐྱོད་དེ། གྲོགས་པོ་ཆུང་ཆུང་ཚོར་དུས་ཆེན་གྱི་འཚམས་རྟགས་དང་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཕུལ་ཏེ།   ཁོ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་རོགས་རམ་བྱས་པ་མ་ཟད། ཁོ་ཚོར་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ཏེ་སྔར་བས་ཡར་ཐོན་ཡོང་རྒྱུ་དང་། མེས་རྒྱལ་གྱི་རྒྱུན་འཛིན་པ་ཞིག་བྱེད་དགོས་པའི་ལྕག་སྐུལ་ཡང་བྱས་པ་ཡིན་ཞེས་ངོ་སྤྲོད་གནང་བྱུང་།

ཡན་ལག་རུ་ཁག་དེའི་དཔོན་དམག་གིས་ཁ་རྐྱང་གྲོང་ཚོའི་སློབ་ཆུང་གི་སློབ་མར་ཏང་གི་ལོ་རྒྱུས་སྐོར་གྱི་ཤེས་བྱ་ཁྲིད་བཞིན་པ།

ཡན་ལག་རུ་ཁག་དེའི་དཔོན་དམག་གིས་སྨར་ཁམས་རྫོང་ཁ་རྐྱང་གྲོང་ཚོའི་སློབ་ཆུང་ལ་སློབ་སྦྱོང་མཁོ་ཆས་གནང་བཞིན་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1