ཀྲུང་གོའི་སྦྲག་སྲིད་མཁའ་འགྲུལ་ལྷ་སར་མཁའ་སྐྱོད་ཚོད་ལྟ་བྱས་པ་ལེགས་གྲུབ་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-03



     ཤིན་ཧྭ་གསར་འགྱུར་དྲ་བར་ལྷ་ས་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོའི་སྦྲག་སྲིད་མཁའ་འགྲུལ་ཞེས་ཚོན་རྩི་བྱུགས་པའི་པོ་དབྱིན་757-200གནམ་གྲུ་ཞིག་སི་ཁྲོན་ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་ཏེ་བདེ་འཇགས་ངང་བོད་ལྗོངས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར། འཆར་གཞི་ལྟར་ལྷ་ས་གོང་དཀར་གནམ་ཐང་དུ་སྒུལ་བྱེད་འཕྲུལ་འཁོར་ཚང་མ་སྤྱད་ནས་འཕུར་འགོ་བཙུགས་པ་དང་ཉེ་སར་བཅར་བ། དེ་བཞིན་སྒུལ་བྱེད་འཕྲུལ་འཁོར་གཅིག་ལ་བརྟེན་ནས་བསྐྱར་འཕུར་ལད་ཟློས་བྱེད་པ་སོགས་ཀྱི་འཆར་གཞིའི་ཚོད་ལྟའི་ཚན་པ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཚོད་འཕུར་བྱས་པ་དེ་ནི་ཀྲུང་གོའི་སྦྲག་སྲིད་མཁའ་འགྲུལ་ཚད་ཡོད་འགན་འཁྲི་ཀུང་སིའི་གནམ་གྲུ་ལྷ་སར་འཕུར་ཐེངས་དང་པོ་ཡིན་པ་རེད། ཉེ་བའི་ལོ་གཉིས་རིང་། ཀྲུང་གོའི་སྦྲག་སྲིད་མཁའ་འགྲུལ་ཀུང་སིས་ཀྲུང་གོའི་སྦྲག་སྲིད་ཚོགས་པ་ཀུང་སིའི་སྤྱིའི་སྒྲིག་བཀོད་དང་དམངས་སྤྱོད་མཁའ་འགྲུལ་གྱི་འབྲེལ་ཡོད་སྒྲིག་སྲོལ་དང་ཡིག་ཆའི་བླང་བྱ་གཞིར་བཟུང་ནས་སྔ་རྗེས་སུ་པོ་དབྱིན་757-200གྱི་གནམ་གྲུ་གཉིས་ས་མཐོར་བཅོས་སྒྲིག་བྱས་པ་དང་དམིགས་བསལ་གྱི་གོ་རིམ་བཟོས་ཐུབ་པ་དང་། ད་ལོའི་ཟླ་གསུམ་པར་ཡིག་ཆའི་སྐོར་གྱི་ཁ་གསབ་འཁོར་སྐྱོད་ཚད་ལོན་ཞིབ་བཤེར་གཏན་འབེབས་ལེགས་འགྲུབ་བྱུང་བ་དང་། ཟླ་5ཚེས་18ཉིན་ནས་ཚེས་21ཉིན་བར་ལད་ཟློས་འཕྲུལ་འཁོར་གྱི་ཚོད་ལྟའི་ར་སྤྲོད་ལེགས་སྒྲུབ་བྱས་པ་རེད།
     ལྷ་ས་གོང་དཀར་གནམ་ཐང་ནི་དཔེ་མཚོན་གྱི་ས་མཐོའི་གནམ་ཐང་ཞིག་ཡིན་ཞིང་། ཕྱོགས་བསྡུས་འཁོར་སྐྱོད་ཀྱི་འགན་སྲུང་ནུས་པར་བླང་བྱ་ཅུང་མཐོ་བ་རེད། ཀྲུང་གོའི་སྦྲག་སྲིད་མཁའ་འགྲུལ་ཀུང་སིས་འཕུར་སྐྱོད་ཉམས་མྱོང་ཕུན་སུམ་ཚོགས་པ་དང་གཟུགས་པོའི་བྱང་ཚད་ཕུལ་དུ་བྱུང་བའི་གནམ་གྲུའི་འགོ་གཙོ་རྒན་གྲས་དང་དགེ་རྒན་གྱིས་གྲུབ་པའི་མཐོ་སྒང་ནས་ཚོད་ལྟའི་འཕུར་སྐྱོད་བྱེད་པའི་གནམ་གྲུའི་ཐོག་གི་ལས་བྱེད་མི་སྣ་བདམས་མངག་བྱས་ནས་ཚོད་ལྟའི་འཕུར་སྐྱོད་བྱེད་དུ་བཅུག་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་འཁོར་སྐྱོད་ཁ་གསབ་ཞིབ་བཤེར་ཚད་ལོན་བྱུང་རྗེས་ཀྲུང་གོའི་སྦྲག་སྲིད་མཁའ་འགྲུལ་ཀུང་སིར་ས་མཐོའི་གནམ་ཐང་གི་འཁོར་སྐྱོད་ཐོབ་ཐང་ཐོབ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1