གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༠༣ཉིན།

ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་དང་དེའི་གལ་ཆེའི་དོན་སྙིང་།


     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་སྤྱི་ཟླ5པའི་ཚེས31ཉིན་གྲོས་ཚོགས་འཚོགས་ནས། ལོ་ལྔ་ཚན་བཅུ་བཞི་བའིདུས་སྐབས་སུ་མི་འབོར་རྒན་རྒོན་ཅན་དུ་འགྱུར་རྒྱུར་ཧུར་བརྩོན་ཆེན་པོས་ཁ་གཏད་གཅོག་པའི་སྲིད་ཇུས་བྱེད་ཐབས་གལ་ཆེན་གྱི་སྙན་ཞུར་གསན་པ་དང་། བུ་བཙའི་སྲིད་ཇུས་ལེགས་བསྒྱུར་བྱས་ནས་མི་འབོར་དུས་ཡུན་རིང་པོར་དོ་སྙོམས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་གཏན་འབེབསཞེས་པར་གྲོས་ཞིབ་གནང་སྟེ། མི་འབོར་རྒན་རྒོན་ཅན་དུ་འགྱུར་རྒྱུར་ཧུར་བརྩོན་ཆེན་པོས་ཁ་གཏད་གཅོག་རྒྱུ་དང་། བུ་བཙའི་སྲིད་ཇུས་སྙོམས་སྒྲིག་བྱ་རྒྱུ་སོགས་ཀྱི་གནད་དོན་ཐད་ཚོགས་འདུའི་ཐོག་བཀོད་སྒྲིག་གལ་ཆེན་གནང་ཡོད།

ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་དང་དེའི་གལ་ཆེའི་དོན་སྙིང་།

 མི་འབོར་རྒན་རྒོན་ཅན་ལ་འགྱུར་རྒྱུར་ཅི་ལྟར་ཁ་གཏད་གཅོག་དགོས་སམ། 

   མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཧུར་བརྩོན་ཆེན་པོས་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འབྲེལ་ཡོད་སྲིད་ཇུས་མ་ལག་དང་ལམ་ལུགས་སྒྲོམ་གཞི་གང་མགྱོགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། 

   གོམ་པ་རིམ་བགྲོད་ཀྱིས་ཁྲིམས་གཏན་འཁེལ་བའི་ལས་འཁྱུར་ངལ་གསོའི་ལོ་ཚད་ནར་འགྱངས་གཏོང་རྒྱུ་བརྟན་པོའི་ངང་ལག་བསྟར་བྱེད་པ་དང་། ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་ལ་རྒྱལ་ཡོངས་གཅིག་གྱུར་འཆར་འགོད་བྱེད་རྒྱུར་སྐུལ་འདེད་ཧུར་ཐགགཏོང་དགོས། 

   རིམ་པ་མང་བའི་རྒན་གསོའི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཡུན་རིང་བདག་སྐྱོང་འགན་བཅོལ་ལམ་ལུགས་ཀྱི་སྒྲོམ་གཞི་འཚོལ་ཞིབ་དང་གསར་འཛུགས་བྱེད་དགོས། 

   ཁྱིམ་སྡོད་གཞིས་ཁུལ་ལས་ཁུངས་བར་ཕན་ཚུན་མཐུན་སྦྱོར་དང་སྨན་གསོ་བདེ་གསོ་ཟུང་འབྲེལ་བྱེད་པའི་རྒན་གསོའི་ཞབས་ཞུ་མ་ལག་དང་བདེ་ཐང་འདེགས་སྐྱོར་མ་ལག་གང་མགྱོགས་འཛུགས་པ་དང་། བགྲེས་སོང་གི་ཐོན་ལས་འཕེལ་རྒྱས་བཏང་ནས། ཁྱབ་ཁོངས་ཁག་དང་ལས་རིགས་ཁག་གི་བགྲེས་སོང་ལ་འཚམ་པ་ཅན་གྱི་རྣམ་པ་བརྗེ་སྒྱུར་རིམ་སྤར་བྱ་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཉེན་བརྩི་རྒན་བཀུར་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས། རྒན་རྒོན་ཚོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ། ནོར་སྲིད་གཏོང་ཤུགས་ཆེ་རུ་བཏང་ནས། བགྲེས་སོང་གི་ལས་དོན་འཕེལ་རྒྱས་ཀྱི་ནོར་སྲིད་མ་འཇོག་སྲིད་ཇུས་དང་ཐབས་ལམ་མང་བའི་མ་རྩ་བསྡུ་རུབ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། 

ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་དང་དེའི་གལ་ཆེའི་དོན་སྙིང་།

     ཕྲུ་གུ་གསུམ་བཙའ་ཆོག་པའི་སྲིད་ཇུས་ཀྱི་གལ་ཆེའི་དོན་སྙིང་། 

    རང་རྒྱལ་གྱི་མི་གྲངས་སྤྱི་འབོར་མང་བ་དང་། ཉེ་བའི་ལོ་ནང་མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་ཕྱིན་ཡོད། བུ་བཙའི་སྲིད་ཇུས་སྔར་བས་ལེགས་སུ་བཏང་ནས་ཁྱོ་ཤུག་ཆ་གཅིག་གིས་ཕྲུ་གུ་གསུམ་བཙའ་ཆོག་པའི་སྲིད་ཇུས་དང་དེ་བཞིན་ཆ་སྦྱོར་རྒྱབ་སྐྱོར་བྱེད་ཐབས་ལག་བསྟར་བྱས་པ་དེས། རང་རྒྱལ་གྱི་མི་འབོར་གྲུབ་ཚུལ་ལེགས་བཅོས་བྱ་རྒྱུ་དང་། མི་འབོར་རྒན་རྒོན་ཅན་དུ་འགྱུར་རྒྱུར་ཧུར་བརྩོན་ཆེན་པོས་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱ་རྒྱུ། རང་རྒྱལ་གྱི་མི་ཤུགས་ཐོན་ཁུངས་ཀྱི་ལྷན་སྐྱེས་ལེགས་ཆ་རྒྱུན་འཁྱོངས་ཐུབ་རྒྱུ་བཅས་ལ་ཕན་ཐོགས་ཡོད།

 ཕྲུ་གུ་བཙའ་ཚད་མཐོར་འདེགས་གཏོང་བར་ཆ་སྦྱོར་བྱེད་ཐབས་གང་དག་དགོས་སམ། 

    སྤྱི་ཟླ5པའི་ཚེས31ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག  གཉེན་སྒྲིག་དང་བུ་བཙའ། གསོ་སྐྱོང་། སློབ་གསོ་བཅས་ལ་གཞི་གཅིག་ཏུ་བསམ་གཞིགས་བྱས་ནས། གཉེན་སྒྲིག་རན་པའི་ན་གཞོན་གྱི་གཉེན་སྒྲིག་རོགས་སྒྲིག་ལྟ་བ་དང་ཁྱིམ་ཚང་ལྟ་བར་སློབ་གསོ་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་དང་། གཉེན་སྒྲིག་གི་ལུགས་སྲོལ་ངན་པ་དང་སློང་རྟེན་མཐོ་དྲགས་པ་སོགས་ཀྱི་སྤྱི་ཚོགས་དར་སྲོལ་ངན་པར་དོ་དམ་བྱེད་པ། ལེགས་བཙའ་ལེགས་གསོའི་ཞབས་ཞུ་ཆུ་ཚད་མཐོ་རུ་གཏོང་བ། ཀུན་ཕན་བུ་སྐྱོང་གི་ཞབས་ཞུའི་མ་ལག་འཕེལ་རྒྱས་གཏོང་བ། སློབ་གསོ་གཞུང་དྲང་དང་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཁོ་འདོན་བྱ་རྒྱུར་སྐུལ་འདེད། ཁྱིམ་ཚང་གི་སློབ་གསོའི་འགྲོ་གྲོན་དམའ་རུ་གཏོང་རྒྱུ་སོགས་ནན་བཤད་བྱས་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1