ལོ་བརྒྱའི་གཟི་འོད།

བདུད་འདུལ་རྣམ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-03


དུས་ཀྱི་རླུང་འཚུབ་རྒོད་པོའི་རྦ་རླབས་ནས། །

གུང་ཁྲན་ཏང་གི་དཔའ་བོ་རེ་འགའ་ཡིས། །

སྐུ་སྲོག་འཛེམ་མེད་དཀའ་བ་དང་བླངས་ཀྱིས། །

འབད་ཅིང་བརྩོན་པའི་དཔག་བསམ་སྡོང་པོ་ལ། །

གཡུར་དུ་ཟ་བའི་ལོ་བརྒྱའི་འབྲས་བཟང་སྨིན། །

དགའ་ཞིང་མགུ་བའི་རྒྱལ་གཅེས་མང་ཚོགས་ཀྱིས། །

གདོང་གི་འཛུམ་གྱིས་ཁེངས་པའི་གླུ་བླངས་ཏེ། །

ཡིད་རྟོན་དཔལ་ལ་རོལ་བ་ཅི་མི་མཚར། །

ཨེ་མ་འདི་ལྟ་དཀའ་བའི་མདུན་བསྐྱོད་ཀྱིས། །

རེ་བ་དང་བླངས་བརྩོན་པ་ལྷོད་མེད་ངང་། །

ལོ་བརྒྱའི་གཟི་འོད་གོ་ལའི་ཡང་སྟེང་དུ། །

གསོན་ཉམས་ལྡན་པར་བསྒྲེངས་འདི་ངོ་མཚར་ཆེ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1