སྣུམ་མཚོན་རི་མོ་བ་སངས་རྒྱས་ཚེ་རིང་གི་བརྩམས་ཆོས་བདམས་བཀོད།

སངས་རྒྱས་ཚེ་རིང་གིས་བྲིས་ཤིང་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-03


 སངས་རྒྱས་ཚེ་རིང་། དེང་རབས་མིང་དུ་གྲགས་པའི་སྣུམ་མཚོན་རི་མོ་བ། ཁོང་ནི་ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་མི་རིགས་སྒྱུ་རྩལ་ཨུ་ལྷན་གྱི་ཆེད་མཁས་ཨུ་ཡོན་དང་ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི། ཀན་སུའུ་ཞིང་ཆེན་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀན་སུའུ་ཞིང་ཆེན་སྣུམ་མཚོན་རི་མོ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀན་སུའུ་ཞིང་ཆེན་མི་རིགས་དགེ་འོས་སློབ་གྲྭའི་མཛེས་རྩལ་སློབ་གླིང་གི་གདན་ཞུས་དགེ་རྒན་ཆེན་མོ་དང་ཀན་སུའུ་ཞིང་ཆེན་ཀྲུང་ཧྭ་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན། བོད་མིའི་རིག་གནས་དར་སྤེལ་ཚོགས་པའི་རྒྱུན་ལས་ལས་འཛིན། ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཚོགས་ཚན་རིག་ལས་དོན་པའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་ཁུར་ཡོད།
 ཁོང་ལ་ཧྲང་ཧེའི་སྐབས་དང་པོའི་སྒྱུ་རྩལ་འགྲེམས་སྟོན་གྱི་ཕུལ་བྱུང་བྱ་དགའ་དང་སྐབས་ལྔ་པ་དང་བརྒྱད་པའི་ཏུན་ཧོང་གི་རིག་རྩལ་བྱ་དགའ། ཆེས་ཐོག་མའི་གསེར་གྱི་རྔ་མོང་བྱ་དགའ་དང་སྐབས་གསུམ་པའི་གྲངས་ཉུང་མི་རིགས་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་གྱི་ཕུལ་བྱུང་བྱ་དགའ། ཀྲུང་གོའི་ས་ངོས་བྱེ་འགྱུར་བཅོས་སྐྱོང་ཐེབས་རྩ་ཚོགས་པ་དང་ཀན་སུའུ་ཞིང་ཆེན་ས་ངོས་བྱེ་འགྱུར་བཅོས་སྐྱོང་ཐེབས་རྩ་ཚོགས་པའི་དམིགས་གསལ་བྱས་རྗེས་བྱ་དགའ། ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་ཀྱིས་གནང་པའི་རིག་གཞུང་ཁྲིད་སྟོན་ཐད་སྣེ་ཁྲིད་ཀྱི་ནུས་པ་ཐོན་ལ། ཀྲུང་གོའི་མཛེས་རྩལ་ལས་རིགས་འཕེལ་རྒྱས་ལ་བྱས་རྗེས་འབུར་དུ་ཐོན་པ་བཞག་པ་སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་བཞི་བཅུ་ལྷག་ཐོབ།
སྣུམ་ཚོན་རི་མོའི་བརྩམས་ཆོས་པེ་ཅིང་དང་ཧྲང་ཧེ། དེ་མིན་ཐའེ་ཝན་ཧའོ་ཁི་དང་སུའེ་ཙེར་གྱི་སུའུ་ལིན་ཧྲི། ཨ་མེ་རི་ཁའི་ཉུག་ཡོག་ལ་ཙི། ཁ་ན་ཏའི་ཏོ་ལུང་ཏོ་སོགས་སློབ་ཆེན་དང་འགྲེམས་སྟོན་ཁང་། བཤམས་སྟོན་ཁང་། མཛེས་རྩལ་ཁང་སོགས་སུ་འགྲེམས་སྟོན་བྱས་ཡོད་པ་དང་མི་སྒེར་དང་ཚོགས་པ་སོགས་ཀྱིས་གསོག་ཉར་དང་བསྡུ་ཉར་བྱས་ཡོད། ། 

རྩྭ་ཐང་གི་གླུ་གཞས་ལས་གྱི་ལིང་རྟ་ཕོ།

草原奏鸣曲

སྐྱེ་དངོས་ཀྱི་སྟོབས།

万物生

མཐོ་སྒང་གི་འབྲོང་།

激情高原

གངས་འདབས་ཀྱི་སེམས་པ།

极地

རྐྱ་པའི་གྲིབ་གཟུགས།

骑士·幻影

འབྲོང་གཡག་གི་སྤོབས་པ།

冲出围栏的牦牛




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1