དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་གཙོ་བསྒྲིགས་མཛད་པའི་《བོད་ཡིག་ཚིག་གཏེར་རྒྱ་མཚོ།》ལ་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་བྱ་དགའ་ཨང་གསུམ་པ་ཐོབ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྲིགས། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 01-13


 《བོད་ཡིག་ཚིག་གཏེར་རྒྱ་མཚོ།》གཙོ་སྒྲིག་གནང་མཁན་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས།

 《བོད་ཡིག་ཚིག་གཏེར་རྒྱ་མཚོ།》གཙོས་པའི་ཁོང་གི་བརྩམས་ཆོས་དག

《བོད་ཡིག་ཚིག་གཏེར་རྒྱ་མཚོ།》ལ་བྱ་དགའ་ཨང་གསུམ་པ་ཐོབ་པའི་དཔང་ཡིག

         སྤྱི་ཟླ་1པའི་ཚེས་12ཉིན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་གཙོ་བསྒྲིགས་མཛད་པའི་《བོད་ཡིག་ཚིག་གཏེར་རྒྱ་མཚོ།》ལ་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་བྱ་དགའ་ཨང་གསུམ་པ་ཐོབ། 《བོད་ཡིག་ཚིག་གཏེར་རྒྱ་མཚོ།》ནི་2004ལོ་ནས་བཟུང་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་གཙོ་སྒྲིག་བྱས་ཤིང་ལས་རོགས་མང་པོ་ཞིག་གི་རོམས་རམ་དང་རྒྱབ་སྐྱོར་ལ་བརྟེན་ནས་ཡོངས་འགྲུབ་བྱས་པའི་དཀའ་སྤྱད་ཀྱི་འབྲས་བུ་ཡིན། ཚིག་མཛོད་འདི་ནི་སྔར་ཡོད་ཀྱི་མིང་མཛོད་རྙིང་པ་དང་མདོ་རྒྱུད་གཞུང་ལུགས་རྣམས་ཀྱི་ཐ་སྙད་བསྡུ་རུབ་བྱས་པའི་རྨང་གཞའི་ཐོག བོད་ཀྱི་དམངས་ཁྲོད་ཐ་སྙད་མང་པོ་གཅིག་ཏུ་བསྡུས་ཤིང་དེ་དག་ལ་གང་འཚམས་ཀྱི་འགྲེལ་བརྗོད་བྱས་ཏེ་གྲུབ་པའི་དཔེ་དེབ་སྟོད་སྨད་བར་གསུམ་གྱི་བདག་ཉིད་ཅན་ཞིག་ཡིན་ལ། 2012ལོའི་ཟླ་7པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ཞིང་བཀྲམས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1