ས་གནས་འདི་གཉིས་ཉེན་ཁ་ཆེ་བའི་ས་ཁུལ་ལ་འཕར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-04



          ཟླ6པའི་ཚེས2ཉིན། ཀོང་ཏུང་ཞིང་ཆེན་ཀོང་ཀྲུའུ་གྲོང་ཁྱེར་ཏོག་གསར་གློ་ཚད་འགོག་སྲུང་བཀོད་འདོམས་ཁང་གི་སྨན་བཅོས་འགོག་སྲུང་ཚོ་ཆུང་གིས་བརྡ་ཁྱབ་བཏང་བ་སྟེ། དེ་རིང(ཚེས2)ནས་བཟུང་ཀོང་ཀྲུའུ་ཞིང་ཆེན་གྱི་ས་ཁུལ་ཁ་ཤས་ཀྱི་ཏོག་གསར་གློ་ཚད་ཀྱི་ཉེན་ཁའི་རིམ་པ་ལེགས་སྒྲིག་བྱས་པ་གཤམ་གསལ་ལྟར། 
          དང་པོ། ལི་ཝན་ས་ཁུལ་པའེ་ཧོ་ཏུང་སྲང་ལམ་དང་ཀྲུང་ནན་སྲང་ལམ་ཉེན་ཁ་འབྲིང་བའི་ས་ཁུལ་ནས་ཉེན་ཁ་ཆེ་བའི་ས་ཁུལ་ལ་འཕར།
          གཉིས་པ། ཧྥན་ཡོའུ་ས་ཁུལ་ལའོ་ཕུའུ་སྲང་ལམ་ཅིན་ཞུའུ་པན་ཏའོ་སྡེ་ཁུལ་གྱི་ཅིན་ཞུའུ་ཤར་ཁུལ(ཐོག་ཁང16དང་། ཐོག་ཁང17 ཐོག་ཁང18)དང་། ཧའེ་ཀྲུའུ་ཁུལ་རེའུ་པའོ་སྲང་ལམ་གྱི་ནན་ཀྲུའུ་མེན་ཡོན་ཐང་ཐོག་ཁང(ཐོག་ཁངAདང་། ཐོག་ཁངB ཐོག་ཁངC)ནི་ཉེན་ཁ་ཆུང་བའི་ས་ཁུལ་ནས་ཉེན་ཁ་འབྲིང་བའི་ས་ཁུལ་ལ་བསྒྱུར་འཕར། 
          གསུམ་པ། ས་གནས་གཞན་དག་གི་ཉེན་ཁའི་རིམ་པ་མི་འགྱུར། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1