ལྷ་སའི་མཁའ་རླུང་གི་སྤུས་ཚད་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-04



ཉེ་ཆར།
སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཟླ་དང་པོ་ནས་བཞི་པའི་བར།
རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར168ལྷག་གི།
ཁོར་ཡུག་མཁའ་རླུང་སྤུས་ཚད་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བར།
ལྷ་སའི་ཁོར་ཡུག་མཁའ་རླུང་གི་སྤུས་ཚད།
རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

          ཁོར་ཡུག་མཁའ་རླུང་གི་སྤུས་ཚད་ནི་གཙོ་བོར་གྲོང་ཁྱེར་ཁག་གི་མཁའ་རླུང་སྤུས་ཚད་ཀྱི་ཕྱོགས་བསྡུས་སྟོན་གྲངས་ཀྱི་མཐོ་དམའ་གཞིར་བཟུང་བ་སྟེ།  དེ་ནིPM10 དང PM2.5 སོགས་སྦགས་བཙོག་དངོས་པོ་སྣ་ཁ་དྲུག་གིས་སྦགས་བཙོག་ཐེབས་ཚད་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་པ་ཞིག་རེད། མཁའ་རླུང་སྤུས་ཚད་ཀྱི་ཕྱོགས་བསྡུས་སྟོན་གྲངས་ཇི་ལྟར་དམའ་ན་ཨང་རིམ་དེ་བས་མདུན་གྲལ་དུ་སླེབས་ཀྱིན་ཡོད་པ་དང་མཁའ་དབུགས་གཙང་ཚད་དེ་ལྟར་མཐོ་བ་མཚོན།

          རྒྱུས་ལོན་བྱུང་བ་ལྟར་ན། ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ“མཐོ་གསུམ”ཁེ་ལས་སམ་དེའི་སྐོར་གྱི་རྣམ་གྲངས་ནང་འདྲེན་མེད་པ་དང་ཞིབ་མཆན་མེད་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་ནས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ལ“བཟོད་སྒོམ་གཏན་ནས་མི་བྱེད་པ”རྒྱུན་འཁྱོངས་བྱས།
          གནམ་སྔོན་པོར་སྲུང་སྐྱོང་བྱེད་པའི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་ཐད་དུ། ལྷ་ས་གྲོང་ཁྱེར་གྱིས་རླུང་ཁམས་ཆེན་མོའི་སྦགས་བཙོག་དེ་གཙོ་གནད་ཁྱབ་ཁོངས་སུ་བཟུང་ནས། རྡོ་སོལ་སྦར་བའི་ཁྲོ་ཐབ་ལེགས་སྒྲིག་བསྟུད་མུར་སྤེལ་བ་དང་། ཨར་ལས་ཕྱོགས་ལ་ཐལ་འགོག་རྡུལ་འགོག་གི་བྱེད་ཐབས་ངེས་པ་དོན་གྱིས་སྤྱོད་པར་ལྟ་སྐུལ་བྱས་པ་རེད།

          ལྷ་ས་གྲོང་ཁྱེར་གྱི་ཁོངས་གཏོགས་ཁུལ་དུ་ཚོང་གཉེར་རྒྱ་ཁྱོན་སྨི་གྲུ་བཞི་མ300ཡན་ཟིན་པའི་བཟའ་བཏུང་ཞབས་ཞུའི་གཉེར་སྐྱོང་བྱ་ཡུལ་ཆེ་འབྲིང་ཚང་མར་གཙང་སེལ་སྒྲིག་ཆས་ལེགས་ཤོས་སྒྲིག་སྦྱོར་བྱས་ཡོད་ལ། ལྷ་བསང་གཏོང་བའི་གཙོ་གནད་ཁུལ་གྱི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་དང་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ།  ལྷ་སར་ཚུལ་མཐུན་གྱིས་ལྷ་བསང་གཏོང་བའི་རྣམ་པ་ཉིན་རེ་བཞིན་ཆགས་ཡོད།
          2021ལོའི་ཐོག་མའི་ཟླ4ཡི་ནང་དུ་ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད100%ཟིན་ནས་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར168ལྷག་གི་ཁྲོད་ནས་ཨང་དང་པོར་སླེབས་འདུག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1