ཞི་ཅིན་ཕིང་གིས་གླེང་སྟེགས་འདིར་རྟེན་འབྲེལ་འཕྲིན་ཡིག་བསྐུར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-04


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་6པའི་ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་དམངས་ཁྲོད་མཛའ་གྲོགས་གླེང་སྟེགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་བསྐུར་གནང་བ་རེད།
        ཞི་ཅིན་ཕིང་གིས། ན་ནིང་སྤྱི་ཟླ་11པར་ང་རང་ནས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་དམངས་ཁྲོད་མཛའ་གྲོགས་གླེང་སྟེགས་གཉེར་རྒྱུའི་གྲོས་འགོ་བཏོན་པར་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་སྤྲོ་སེམས་འཁོལ་པོས་དང་ལེན་གནང་བ་དང་རྒྱབ་སྐྱོར་ཧུར་ཐག་གནང་ཡོད། གླེང་སྟེགས་དེ་ཕྱོགས་ཁག་གིས་ཤེས་རྟོགས་ཟབ་ཏུ་གཏོང་བ་དང་། མཛའ་གྲོགས་ཟབ་ཏུ་གཏོང་བ། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་ཡོད་ཅེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། ཕྱོགས་ཁག་གིས་ཧྲང་ཧའེ་ཡི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཐོག ཕྱར་བ་གྲུ་འདེགས་དང་། ཕན་ཚུན་རོགས་རེས། མཉམ་ལས་གཏིང་ཟབ་བཅས་བྱ་རྒྱུའི་རེ་བ་ཡོད། དམངས་ཁྲོད་ཀྱི་ཕྱི་འབྲེལ་བཟང་ཆ་འདོན་སྤེལ་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བསམ་ཚུལ་བརྗེ་རེས་ཐབས་ལམ་རྒྱ་སྐྱེད་དུ་གཏོང་བ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་གོང་འཕེལ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་ཞེས་བསྟན་གནང་ཡོད།
        ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་དམངས་ཁྲོད་མཛའ་གྲོགས་གླེང་སྟེགས་དེ་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་། ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། ཉིན་དེར་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། དེའི་བརྗོད་བྱ་གཙོ་བོ་ནི་དམངས་ཁྲོད་ཀྱི་མཛའ་གྲོགས་ལ་སྐུལ་འདེད་བཏང་ནས། ཧྲང་ཧའེ་ཡི་སྙིང་སྟོབས་རྒྱུན་འཛིན་བྱེད་ཅེས་པ་དེ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1