བོད་ལྗོངས་དགེ་ལས་ཐེབས་རྩ་ཚོགས་པས་ནེ་པ་ལར་ཞལ་འདེབས་བརྒྱབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-08


     ཟླ་6ཚེས་5ཉིན། ཀྲུང་གོའི་བོད་ལྗོངས་དགེ་ལས་ཐེབས་རྩ་ཚོགས་པས་ནེ་པ་ལར་སྨན་སྤྱོད་དབྱང་རླུང་བཟོ་ཆས་སྤྲོད་པའི་མཛད་སྒོ་བལ་བོའི་ལྷ་ས་སྤྱི་ཁྱབ་ཁང་དུ་སྤེལ་བ་རེད། ཀྲུང་གོའི་བོད་ལྗོངས་དགེ་ལས་ཐེབས་རྩ་ཚོགས་པ། ནེ་པ་ལའི་ལྷ་སར་བཅའ་སྡོད་སྤྱི་ཁྱབ་ཁང་། ཕྱི་སྡོད་ནེ་པ་ལའི་མི་ཁག་ཅིག་ཞལ་འདེབས་མཛད་སྒོར་ཞུགས་ཡོད་པ་རེད། ཐེངས་འདིར་ཧྲེང་5ཅན་གྱི་སྨན་སྤྱོད་དབྱང་རླུང་བཟོ་ཆས་60ནི་ཀྲུང་གོའི་བོད་ལྗོངས་དགེ་ལས་ཐེབས་རྩ་ཚོགས་པ་དང་། ནེ་པ་ལ་དང་ཀྲུང་གོ་ཀེ་ལ་སི་རིག་གནས་འཕེལ་རྒྱས་ཡར་སྐུལ་ཚོགས་པ། སི་ཁྲོན་ཞིང་ཆེན་ལུའོ་ཧྲན་གྲོང་ཁྱེར་གྱི་གཅེས་སེམས་མི་སྣ་བཅས་ཀྱིས་ཞལ་འདེབས་བརྒྱབ་ཅིང་། ཐེངས་འདིའི་ཞལ་འདེབས་ནི་“རིམས་ནད་འགོག་རྒོལ་བྱེད་པར་ང་ཚོ་མཉམ་དུ་ཡོད།”ཅེས་པའི་རྣམ་གྲངས་ཀྱི་ཁག་ཅིག་རེད། 2020ལོར་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཡོངས་སུ་མཆེད་རྗེས། ཀྲུང་གོའི་བོད་ལྗོངས་དགེ་ལས་ཐེབས་རྩ་ཚོགས་པས་དེ་མ་ཉིད་ཀྲུང་གོ་སྤྱི་ཕན་སྒྲིག་འཛུགས་དང་ལྷན་དུ་ནེ་པ་ལར་སྨན་སྤྱོད་ཁ་རས་ཁྲི་23ཞལ་འདེབས་བརྒྱབ་ཡོད་ཅིང་། ནེ་པ་ལའི་སྡེ་ཁུལ་དུ་ལག་འཁྲུད་ས་ཚུགས་100བཙུགས་ཤིང་། ནེ་པ་ལའི་སྨྱན་སྦྱོར་བརྒྱུད་ནས་ནེ་པ་ལའི་མང་ཚོགས་ལ་ཀྲུང་གོའི་རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱས་ཡོད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1