བསྟན་འཛིན་སོགས་སི་ཁྲོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕོ་ཉར་བསྐོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-08


  ཟླ་6ཚེས་3ཉིན། འཛམ་གླིང་ཁོར་ཡུག་ཉིན་མོ་ཐེངས་50པ་སླེབས་པའི་མཚམས་འདིར། ཚེས་3ཉིན། སི་ཁྲོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། སི་ཁྲོན་ཞིང་ཨུད་དྲིལ་བསྒྲགས་པུའུ། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་2021ལོའི་དྲུག་ལྔའི་ཁོར་ཡུག་ཉིན་མོའི་མུ་འབྲེལ་དྲིལ་བསྒྲགས་བྱེད་སྒོ་ཁྲེན་ཏུའུ་རུ་སྤེལ་བ་རེད། 
    བྱེད་སྒོའི་ཡུལ་དངོས་སུ། སི་ཁྲོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡག་ཐིང་གིས་ཕོ་གསར་བསྟན་འཛིན་ལ་“སི་ཁྲོན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕོ་ཉ”ཡི་གདན་ཞུས་ཡི་གེ་སྤྲད་པ་རེད། བསྟན་འཛིན་དང་མཉམ་དུ་གདན་ཞུའི་ཡི་གེ་དང་ལེན་བྱེད་མཁན་ལ་སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལེ་དང་སི་ཁྲོན་གྱི་འཁྲབ་སྟོན་པ་གྲགས་ཅན་ལེ་ཧན་ཡང་ཡོད་པ་རེད། མ་འོངས་པའི་ལོ་གཉིས་རིང་། ཁོང་ཚོས་“སི་ཁྲོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕོ་ཉ”ཡི་ཐོབ་ཐང་ཐོག་སི་ཁྲོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལེགས་སྐྱེས་འབུལ་རྒྱུ་རེད། 
    བསྟན་འཛིན་གྱིས་གདན་ཞུ་ཡི་གེ་དང་ལེན་བྱེད་དུས་གདོང་ལ་བཅོས་མིན་གྱི་འཛུམ་མདངས་དེ་ཤར་བྱུང་།  གདན་ཞུའི་ཡི་གེ་ཐོག་ཏུ། ད་ལྟ་སྐུ་ཞབས་བསྟན་འཛིན་ལགས་སི་ཁྲོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕོ་ཉ་ལ་གདན་ཞུས་པ་ཡིན། གདན་ཞུའི་དུས་ཡུན་ལོ་གཉིས་ཡིན་ཞེས་བྲིས་འདུག  དེ་སྔོན། མི་མང་གི་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་རེ་འབོད་ལ་ཨ་ལན་བསློགས་ཆེད། བསྟན་འཛིན་གྱིས་ཆེད་དུ་དྲིལ་སྒྲོག་བརྙན་ཐུང་ཞིག་ཕབ་ཡོད། བརྙན་ཐུང་ནང་བསྟན་འཛིན་གྱིས། རི་དྭངས་ཆུ་གཙང་ནི་གསེར་རི་དངུལ་རི་རེད། མི་ཚང་མས་རང་གི་འགྲམ་གྱི་དོན་ཆུང་ཆུང་ནས་འགོ་བརྩམས་པའི་རེ་བ་ཡོད་པ་བཤད།
   སི་ཁྲོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ་ནི་ང་ཚོ་ཐུན་མོང་གི་རེ་སྨོན་རེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་ང་ཚོ་ཐུན་མོང་གི་འགན་འཁྲི་རེད། སི་ཁྲོན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕོ་ཉ་གསུམ་པོ་བརྒྱུད་ནས་མི་སྔར་བས་མང་པོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དོ་ཁུར་དང་། སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་བྱེད་སྒོ་དང་དང་བླངས་པའི་ཞབས་ཞུ་ལ་ཧུར་ཐག་གིས་ཞུགས་ནས། མི་ཚང་མས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དོ་ཁུར་དང་རྒྱབ་སྐྱོར། དེའི་ནང་ཞུགས་པའི་སྤྱི་ཚོགས་རྣམ་པ་གྲུབ་པ་བྱས་ནས། སི་ཁྲོན་གྱི་ནམ་མཁའ་སྔར་བས་སྔོ་ཞིང་ཆུ་བོ་སྔར་བས་དྭངས་བ། ཁོར་ཡུག་སྔར་བས་མཛེས་པར་ཆགས་པར་སྐུལ་འདེད་གཏོང་། 
    བྱེད་སྒོའི་སྐབས། བསྟན་འཛིན་དང་སི་ཁྲོན་ས་ཆ་ཁག་གི་བོད་ཀྱི་ན་གཞོན་ཚོས་ཡུལ་དངོས་ཀྱི་མང་ཚོགས་ལ་བོད་ཀྱི་ཞབས་བྲོ་ཡང་འཁྲབ་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1