གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༠༩ཉིན།

མགོ་ལོག་ཏུ་གུར་གྱི་རྒྱུགས་ར་ཞིག་བཟོས་འདུག

     ཟླ་6ཚེས་7ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་ལུས་རྩལ་ར་བར་གུར་སྔོན་པོ་དག་སྟར་སྒྲིག་ནས་ཕུབ་པ་སྟེ་མིག་ལ་ཧ་ཅང་ཡག་པོ་ཞིག་འདུག མགོ་ལོག་ཁུལ་དུ་མཐོ་རྒྱུགས་ལ་ཞུགས་མཁན་སློབ་མ་181ཡོད་པ་ཚང་མ་གནས་འདིར་མཐོ་རྒྱུགས་ལ་ཞུགས་རྒྱུ་ཡིན།  
    ཟླ་5ཚེས་22ཉིན། མཚོ་སྔོན་ཞིང་ཆེན་མགོ་ལག་ཁུལ་རྨ་སྟོད་རྫོང་དུ་ས་ཡོམ་རིམ་པ་7.4བྱུང་ནས། ས་ཆ་མང་པོར་གནོད་སྐྱོན་ཕོག་ཡོད། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ། མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་སློབ་གཙོ་ཧོང་ཞའོ་ལིའང་གིས་གསར་འགོད་པ་ལ་བཤད་དོན། མིག་སྔར་ད་དུང་ཡོམ་འཕྲོ་མང་པོ་འབྱུང་བཞིན་ཡོད་པར་བསམ་ནས། རྒྱུགས་ཞུགས་སློབ་མའི་ཚེ་སྲོག་བདེ་འཇགས་དང་རྒྱུགས་སྤྲོད་བརྟན་པོ་ཡོང་བར་འགན་སྲུང་བྱ་ཆེད། བཀོད་སྒྲིག་གཅིག་གྱུར་ལྟར་མགོ་ལོག་ཁུལ་གྱི་རྒྱུགས་ར་གཅིག་པུ་སྟེ་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་ལུས་རྩལ་ར་བ་རུ་གུར་ཕུབ་ནས་སྒྲིག་འགོད་བྱས་པ་ཡིན་ཟེར།  

   ཤེས་རྟོགས་བྱུང་བར་གཞིགས་ན། “གུར་གྱི་རྒྱུགས་ར”ཁྱོན་བསྡོམས་31དང་ལོགས་བཀར་རྒྱུགས་ར་4གྲ་སྒྲིག་བྱས་འདུག་པས། ཁྱོན་བསྡོམས་རྒྱུགས་ར་35ཡོད་པ་དང་། སྒུག་སྡོད་བྱེད་ས་དང་། རྒྱུགས་ར། ལས་སྒྲུབ་ཁུལ་བཅས་དབྱེ་འདུག “གུར་གྱི་རྒྱུགས་ར”རེ་རེ་ནི་གནོད་སེལ་གུར་གསུམ་ལས་གྲུབ་ཅིང་། རྒྱུགས་ཞུགས་སློབ་མ་30ཤོང་འདུག གཞན་ཡང་། རྒྱུགས་ར་རེ་ལ་རྒྱུགས་ཞིབ་པ་2ཀྱི་རྨང་གཞིའི་ཐོག་ད་དུང་རྒྱུགས་ཞིབ་པ་1བསྣན་འདུག་པས། ཁྱོན་བསྡོམས་རྒྱུགས་ཞིབ་དགེ་རྒན་105ཡོད་ཅིང་། རྒྱུགས་ཞིབ་དགེ་རྒན་ཚང་མར་ཏོག་གསར་ནད་དུག་འགོག་ཁབ་བརྒྱབ་ཡོད།  


   ལོ་18ཡིན་པའི་བོད་ཀྱི་བུ་མོ་གཡང་ཕྱུག་མཚོ་ནི་རྒྱུགས་ཞུགས་སློབ་མ་891ནང་གི་གཅིག་རེད། མོ་རང་ནི་རྨ་ཆེན་རྫོང་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་པ་རེད། སྦྱངས་འབྲས་ལེགས་པའི་གཡང་ཕྱུག་མཚོས་རང་ཉིད་ཀྱིས་ཡིད་སྨོན་བྱེད་པའི་སློབ་ཆེན་དུ་རྒྱུགས་འཕྲོད་པའི་རེ་བ་བྱེད་བཞིན་འདུག་ཅིང་སློབ་མཐར་ཕྱིན་རྗེས་སླར་ཕ་ཡུལ་དུ་ལོག་ནས་རང་ཡུལ་འཛུགས་སྐྲུན་བྱེད་འདོད་ཟེར། “ས་ཡོམ་བྱུང་རྗེས། ང་ཚོས་མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་པའི་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་མ་སོང་། ‘རྒྱུགས་ར་སྔོན་པོ’ཕུབ་པ་དང་། གུར་ནང་གི་སྒྲོག་ཙེ་དང་རྐུབ་སྟེགས་སྟར་འགྲིག་པོ་སྒྲིག་ཡོད་པ་མཐོང་དུས། ང་རང་བློ་བདེ་པོ་བྱུང”ཞེས་གཡང་ཕྱུག་མཚོས་བཤད། 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1