དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་པེ་ཅིང་དུ་ལས་ཀ་སྙན་སེང་དང་མཉམ་འབྲེལ་ལས་དོན་དུ་ཕྱིན་པ།

བློ་བཟང་རྒྱ་མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-11


                       
        ཉེ་ཆར་ངེད་ཞིབ་འཇུག་ཁང་ཀན་ལྷོ་དང་རྔ་བ། ལན་ཧྲན་བཅས་སུ་ཡུལ་དངོས་བརྟག་དཔྱད་སོང་བའི་གནས་ཚུལ་དང་། ཀྲུང་གོ་གུང་ཁྲན་ཏང་འཛུགས་ནས་100འཁོར་བའི་རྟེན་འབྲེལ་ལེགས་སྐྱེས་ཏེ། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་རིག་གཞུང་བགྲོ་གླེང་ཚོགས་འདུའི་གྲ་སྒྲིག དཀར་མཛེས་ཁུལ་གྱི་བོད་རིག་པའི་ཆེད་མཁས་པ་རྣམས་ཀྱི་གནས་ཚུལ་ཕྱོགས་སྒྲིག་བཅས་ཡར་ཞུ། རྗེས་མར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཞིབ་འཇུག་གི་རྣམ་གྲངས་སྤྲོད་པར་རྒྱབ་སྐྱོར་གནང་པར་རེ་བ་ཞུ་ཆེད། 
བཞུགས་མོལ་ཚོགས་འདུའི་ཡུལ་དངོས།
        ཟླ་6ཚེས་9ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་རྩལ་ཞིབ་འཇུག་ལས་སྒོ་གཞུང་ལས་ཁང་གི་ལི་དི་ཁྲེང་གི་གོ་སྒྲིག་འོག་ངེད་ཞིབ་འཇུག་ཁང་གི་འགོ་ཁྲིད་ལིའོ་ཁང་ཧྥེ་དང་ལས་མི་གཅིག་པེ་ཅིང་དུ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་ཕྱིན་ནས་ཉེ་བའི་ཟླ་བ་ཁ་ཤས་སྔོན་གྱི་ལས་ཀ་རྣམས་གོང་རིམ་ལ་ཡར་ཞུ་བྱས་པ་དང་ཆབས་ཅིག་ཏུ་དཀར་མཛེས་ཁུལ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་དང་མུ་མཐུད་དུ་བོད་སྐྱོང་སྲིད་བྱུས་ལག་བསྟར། མི་རིགས་ཕན་ཚུན་བར་གྱི་འབྲེལ་འདྲིས་དང་འཕེལ་རྒྱས། བོད་ཀྱི་སྐད་དང་ཡི་གེ བོད་རིག་པའི་འཕེལ་རྒྱས་སོགས་ཀྱི་སྐོར་ལ་གྲོས་མོལ་བྱས། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་ཚོགས་འདུ་ལ་ཞུགས་ནས་གཏམ་བཤད་སྤེལ།

 
སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་གྱིས་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་ལ་དཔེ་ཆ་གནང་པ།


དྲན་རྟེན་གྱི་མཉམ་པར།

        ཟླ་6ཚེས་10ཉིན། ངེད་ཞིབ་འཇུག་ཁང་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་སུ་ཕྱིན་ནས། གཙོ་བོ་མི་རིགས་ཀྱི་སྐད་དང་ཡི་གེ་རྩོམ་སྒྱུར་དང་སྤྱོད་ཆས་གསར་གཏོད། ཞིབ་འཇུག་རྣམ་གྲངས། ཞིབ་འཇུག་བྱ་གཞི་མཉམ་ལས། ལོ་ཙཱ་བ་སློབ་སྦྱོང་མངག་རྒྱུའི་སྐོར་ལ་གྲོས་བསྡུར་གནང་། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚོགས་འདུ་ལ་ཞུགས་ནས་གཏམ་བཤད་སྤེལ། 

 



བཞུགས་མོལ་ཚོགས་འདུའི་ཡུལ་དངོས།
        རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཆེད་མཁས་ཞིབ་འཇུག་པས་དཀར་མཛེས་ཁུལ་གྱི་བོད་རིག་པའི་ཞིབ་འཇུག་དང་སྐད་ཡིག་རྩོམ་སྒྱུར་བྱ་བཞག་ཐད་ཀྱི་ཡར་ཐོན་དང་འཕེལ་རྒྱས་འགྲོ་བར་གདེང་འཇོག་ཆེན་པོ་ཐོབ། ད་རུང་མ་འོངས་པའི་ལས་དོན་སྐོར་ལ་བསམ་འཆར་དང་མཛུབ་སྟོན་གལ་ཆེན་གནང་། 

པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གསར་བརྗེ་བགྲོ་གླེང་གནང་བཞིན་པ།


 ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་དང་པེ་ཅིང་སློབ་ཆེན་སྤྱི་ཚོགས་ཚན་རིག་སློབ་གླིང་གི་གདན་ཞུ་སློབ་དཔོན་ཆེན་མོ་ཏུང་ཡུང་པིང་དང་བགྲོ་གླེང་གནང་བཞིན་པ།


ཀྲུང་གོའི་བོད་རིག་པའི་པར་སྐྲུན་ཁང་གི་ཞུས་ཆེན་ཚངས་པོ་དང་བགྲོ་གླེང་གནང་བཞིན་པ།

 ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་ཐར་ དང་བགྲོ་གླེང་གནང་བཞིན་པ།

ནན་ཁའེ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡེ་ཤེས་འོད་གསལ་ཨ་ཚོགས་དང་བགྲོ་གླེང་གནང་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1