༄༅།། དབྱར་དུས་ཀྱི་ཉི་འགོག་མིག་ཤེལ་ཇི་ལྟར་འདེམ་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-11



དབྱར་དུས་ཕྱི་རོལ་དུ་བསྐྱོད་སྐབས།
ཁུག་མའི་ནང་གི་ཉི་འགོག་སྒྲིག་ཆས་ཁྲོད་ཉི་འགོག་མིག་ཤེལ་ནི་མེད་དུ་མི་རུང་བ་ཞིག་རེད།  
ཉི་ཤེལ་གྱོན་པ་ནི་ཉི་མའི་འོད་འགོག་ཆེད་ཡིན་པ་སྨོས་མི་དགོས།
འོན་ཀྱང་ཁྱེད་རང་གི་ཉི་ཤེལ་འདེམ་སྟངས་ཤེས་སམ།
དེ་རིང་རྩོམ་སྒྲིག་པས་ཁྱེད་རང་ལ་དེའི་སྐོར་གྱི་ཤེས་བྱ་ངོ་སྤྲོད་ཞུ་གི་ཡིན། 

01 
མདོག་སྨུག་པོ་དང་སྐྱ་བོ་གཉིས་ལས་གང་ཞིག་འདེམ་དགོས་སམ། 

ཁྲོམ་རའི་ཐོག་གི་ཉི་ཤེལ་མང་ཆེ་བ་ནི་སྐྱ་བོ་དང་དམར་སྐྱ་ཡིན།
ཆེད་མཁས་པས་བསྟན་པ་ལྟར་ན།  
མདོག་སྐྱ་བོའི་ཉི་ཤེལ་གྱིས་མིག་ལ་སྲུང་སྐྱོབ་བྱེད་ཚད་གཞན་ལས་ལེགས་པ་མ་ཟད།   
དངོས་པོའི་རྩ་བའི་ཁ་དོག་ཀྱང་འགྱུར་མི་སྲིད། 
ཡུན་རིང་ཕྱི་རོལ་དུ་ལས་ཀ་བྱེད་མཁན་ལ་ཆ་མཚོན་ན།
ཉི་ཤེལ་སྨུག་པོ་བདམས་ན་དེ་བས་ལེགས།  
དེ་ཡིས་འོད་དྲག་པོ་འགོག་ཐུབ། 

མདོག་སྐྱ་བོའི་ཉི་ཤེལ་ནི་ཉི་འོད་དྲག་པོ་མེད་སའམ་
ཕྱི་རོལ་དུ་དུས་ཡུན་རིང་པོར་སྡོད་མི་དགོས་མཁན་གྱིས་སྤྱད་ན་འཚམ་པོ་ཡོད། 

02
རིན་གོང་ཇི་ཙམ་ཆེ་ན་ཉི་འགོག་ནུས་པ་དེ་ཙམ་བཟང་ངམ། 
ཉི་འགོག་ནུས་པའི་ངོས་ནས་བཤད་ན། 
ཉི་ཤེལ་དེ་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་ཞིང་། 
འོད་འགོག་པའི་ནུས་པ་ཚད་དང་ལྡན་ན།
རིན་གོང་ཆུང་ཡང་།
ཉི་འགོག་ནུས་པ་ཡག་པོ་ཐོན་ཐུབ། 

ཉི་ཤེལ་ཁ་ཤས་ལ་རིན་གོང་ཅུང་ཆེ་བའི་རྒྱུ་མཚན་གཙོ་བོ་ནི་མིག་ཤེལ་དང་ཤེལ་སྒྲོམ་གྱི་རྒྱུ་ཆ་གཞན་ལས་ལེགས་པའི་ཁར།
ཚོང་རྟགས་ལ་རིན་གོང་ངེས་ཅན་སྤྲོད་དགོས་པ་དེ་ཡིན།

འོད་འགོག་ནུས་པའི་ཐད་ནས་བཤད་ན། 
དྲ་གྲོགས་ཀྱིས་འོད་དམ་དངུལ་བཤེར་འཕྲུལ་ཆས་ཀྱིས་
ཉི་ཤེལ་གྱི་འོད་འགོག་ནུས་པ་བརྟག་ཐུབ་ཅེས་བཤད་ཡོད།
ཐབས་དེས་དངོས་གནས་བརྟག་ཐུབ་བམ་ཞེ་ན།
 
ཆེད་མཁས་པས་དེ་ལྟ་བུའི་བརྟག་ཐབས་ནི་དཔྱད་གཞིར་འཛིན་པ་ཙམ་ལས་
ཚན་རིག་དང་མི་མཐུན་པས།
ངེས་པར་དུ་ཆེད་ལས་འོད་ཤལ་དཔྱད་ཆས་ལ་བརྟེན་ནས་བརྟག་དགོས་པ་དང་།
དེ་ལྟར་བྱས་ན་གཞི་ནས་ཉི་ཤེལ་གྱིས་འོད་ག་ཚོད་འགོག་ཐུབ་མིན་གཏན་འཁེལ་བྱེད་ཐུབ་པའི་ངོས་འཛིན་བྱས་ཡོད། 

དོན་དངོས་ཐོག་མི་སེར་གྱི་ངོས་ནས་བཤད་ན།
ཉི་ཤེལ་དེ་རིགས་འོད་འགོག་གི་ཚད་གཞིར་སླེབས་ཡོད་མེད།
ཨང་ཀི་གཅིག་ལ་བལྟས་པས་ཆོག 

ཚད་ལྡན་བཟོ་གྲྭས་ཐོན་སྐྱེད་བྱས་པའི་ཉི་ཤེལ་གྱི་
མཚོན་རྟགས་ཐོག་UV400འམ་
ཡང་ན་100%UVབྲིས་ཡོད།
དེ་གཉིས་ནི་ཁྱེད་རང་གིས་བློ་བདེ་པོའི་ངང་ནས་སྤྱོད་ཆོག  

03
འོད་འཁྱོག་ནུས་པ་ཅུང་བཟང་བའི་ཉི་ཤེལ་འདེམས་དགོས་ན།
ཆེད་མཁས་པས་སྤྱིར་བཏང་གི་ཉི་ཤེལ་ལ་འདྲེས་འོད་འགོག་པའི་ནུས་པ་མེད།
འོད་འཁྱོག་ཤེལ་ཅན་གྱི་ཉི་ཤེལ་གྱིས་
རང་བྱུང་འོད་ནང་གི་འདྲེས་འོད་དང་མགོ་ཡུ་འཁོར་བའི་འོད་འགོག་ཐུབ་པ་དང་།
མིག་ལ་སྲུང་སྐྱོབ་ཡག་པོ་ཐུབ་ཀྱི་ཡོད་ཅེས་བཤད་འདུག 

ཉི་ཤེལ་ལ་འོད་འཁྱོག་བྱེད་ནུས་ཡོད་མེད་ལ་ཇི་ལྟར་ལྟ་དགོས་ཞེ་ན།
རིགས་གཅིག་མཁས་ཅན་གྱིས་གཤམ་གྱི་བརྙན་དུ་འདི་ལྟར་བསྟན་འདུག

04
ཉི་ཤེལ་དེ་མི་ཚང་མས་གྱོན་ན་འཚམ་པོ་ཡོད་དམ། 
ཆེད་མཁས་པས་བཤད་པ་ལྟར་ན།
དེ་ནི་མི་ཚང་མར་འཚམ་གྱི་མེད་པར། 
གཤམ་གསལ་མི་ཚོགས་ཀྱིས་དེ་མ་གྱོན་ན་ལེགས།  

05 
ཉི་ཤེལ་གྱི་ཉི་འགོག་ནུས་པར་དུས་བཀག་ཡོད་པས།
ལོ་གཉིས་རེར་ཐེངས་རེ་བརྗེས་ན་ཡག་པོ་ཡོད།  

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1