༄༅། །ཨ་ཁུ་སྟོན་པ་དང་རྒྱལ་བོའི་སླ་ང་།

རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།གཡང་མདའ་འཕྲིན་སྟེགས། སྤེལ་དུས། 01-13


  

            ཨ་ཁུ་སྟོན་པས་དུས་རྒྱུན་དུ་རྒྱལ་བོ་ལ་ཟས་གཡོ་སྦྱོར་བྱེད་ཀྱིན་ཡོད་ལ། ཁོས་ལས་ཀར་ཧ་ཅང་ཧུར་ཐག་བྱས་ནའང་རྒྱལ་བོས་ཁོ་ལ་བརྩེ་བ་བྱེད་ཀྱི་མེད་དེ། རྒྱལ་བོའི་ཟས་ལ་ཞིམ་མངར་གྱིས་གཏམས་ཤིང་། ཨ་ཁུ་སྟོན་པའི་ཟས་ལ་བྲོ་བ་དེ་འདྲ་མེད། དགོང་མོ་རེར་རྒྱལ་བོས་ཨ་ཁུ་སྟོན་པར་ཟས་ཀྱི་སླ་ང་ཆེན་པོ་དག་མདུན་ཅོག་སྟེང་འཇོག་པར་བསྐུལ། ཉིན་ཞིག་ལ་རྒྱལ་བོ་ཕྱི་རོལ་དུ་སོང་། ཁོ་མ་སོང་བའི་སྔོན་དུ་ཁོས་ཨ་ཁུ་སྟོན་པ་ལ། སླ་ངའི་ནང་གི་རྩམ་པ་མ་ཟ། གལ་ཏེ་ཁྱོད་ཀྱིས་ཟོས་ན་ཁྱོད་རང་ཤི་འགྲོ སླ་ང་གཞན་དེ་ཡི་ནང་གི་བྱ་སྒོང་དེ་དག་ཟོས་མི་ཆོག དེའི་ནང་དུ་བྱ་ཕྲུག་མང་པོ་ཡོད་པས། གལ་ཏེ་ཁྱོད་ཀྱིས་དེའི་ཁ་ཕྱེས་ན་དེ་དག་འཕུར་འགྲོ་ཞེས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བཤད་རྗེས་ལམ་དུ་ཆས་སོ། ། ཡིན་ཡང་ཨ་ཁུ་སྟོན་པས་ཐོག་མར་རྩམ་པ་ཡོད་ཚད་ཟས་ཚར་བ་དང་། དེ་ནས་བྱ་སྒོང་ཚང་མ་ཟོས་ཚར་བར་བྱས། ཕྱི་ཉིན་རྒྱལ་བོ་ཕྱིར་ཐོན། རྒྱལ་བོས་སླ་ངའི་ནང་དུ་བལྟས་པ་ན་ཡོད་ཚད་སྟོང་བ་ཡིན་པ་མཐོང་རྗེས་ཁོང་ཁྲོ་ཆེན་པོའི་ངང་བྱ་ཕྲུག་དང་རྩམ་པ་གང་དུ་ཡོད་དམ། ཞེས་ཨ་ཁུ་སྟོན་པ་ལ་དྲིས། བྱ་ཕྲུག་དག་གིས་སྒྲ་སྒྲོག་ཆེ་བས། ངས་སླ་ངའི་ཁ་ཕྱེས་བ་ན་འཕུར་རོ།། ང་རང་ཧ་ཅང་སེམས་སྡུག་ནས་རང་ཤི་རྒྱག་འདོད་པས་རྩམ་པ་ཟོས། ཨོ། ཇི་འདྲའི་སྐྱོ་བ་ལའང་ང་ཤི་མ་སོང་། ཞེས་ལན་བཏབ་པས་རྒྱལ་བོ་ལའང་ཅི་བྱ་གཏོལ་མེད་དུ་གྱུར་ཏོ། །


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1