གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༡༦ཉིན།

སེར་གླིང་མཚོའི་ནང་གསའ་ཡིས་ཆུ་རྐྱལ་བ་མཐོང་།

    ཟླ་6ཚེས་9ཉིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་རྩྭ་ཐང་ས་ཚུགས་ཀྱི་ལས་སྒྲུབ་མི་སྣས་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་སེར་གླིང་མཚོའི་འགྲམ་ནས་“ཆུ་རྐྱལ”བཞིན་ཡོད་པའི་གསའ་ཞིག་མཐོང་བ་རེད། 
   ལས་བྱེད་མི་སྣས་ངོ་སྤྲོད་བྱས་དོན། གསའ་ཡིས་མཚོའི་ནང་དུ་“ཆུ་རྐྱལ་བ”མཐོང་རྒྱུ་ཉུང་ཉུང་རེད། 
བྱང་ཐང་མཐོ་སྒང་དུ་དཔྱིད་དུས་སུ་བྱ་རིགས་མང་པོས་སེར་གླིང་མཚོ་རུ་བྱ་ཕྲུག་བཙའ་བཞིན་ཡོད། 
འདི་བརྒྱུད་པའི་གསའ་ཡིས་ཆུ་ནང་དུ་ཟས་འཚོལ་ནས་ཆུ་རྐྱལ་བ་ཡིན་སྲིད་བཤད། 

    རྒྱ་མཚོའི་ངོས་ལས་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཡོད་པའི་བྱང་ཐང་དུ། རི་སྐྱེས་སྲོག་ཆགས་མང་པོ་འཚོ་གནས་བྱེད་ས་ཡིན་ཞིང་། དམིགས་བསལ་གྱི་མཐོ་གྲང་སྣོད་བཅུད་མ་ལག་ཆ་ཚང་ལྡན་པས། སྐྱེ་དངོས་སྣ་མང་རང་བཞིན་ལྡན་པའི་མཛོད་ཁང་ལྟ་བུ་ཞིག་ཡིན། བྱང་ཐང་ནི་བོད་ལྗོངས་བྱང་ཕྱོགས་སུ་ཡོད་ཅིང་། ས་ཆ་མང་ཤོས་ནི་སྔར་བཞིན་གདོད་མའི་རྣམ་པར་གནས་པས་རི་སྐྱེས་སྲོག་ཆགས་རིགས་མང་པོ་ཡོད། གཙོད་དང་འབྲོང་། རྐྱང་སོགས་ཕུད། འདི་རུ་འཚོ་གནས་བྱེད་པའི་གསའ་དང་ཁྲུང་ཁྲུང་སྐེ་ནག སྤྱང་ཀི རྒོད། དྲེད་མོ་སོགས་རི་སྐྱེས་སྲོག་ཆགས་ཀྱང་ཡོད། རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་རིགས་10དང་། རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་རིགས་21ཡོད་པ་རེད། 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1