གསར་བརྗེའི་རྗེས་ཤུལ་བཙལ་ནས་སྙིང་སྟོབས་རྒྱུད་དུ་ལེན།

བློ་བདག་གིས་སྒྱུར་སྒྲིག་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་དྲ་བ། སྤེལ་དུས། 06-16




——ཅོག་ཙེའི་གྲོས་ཚོགས་ཀྱི་ཚོགས་རར་སོང་བ།

    མའོ་ཙེ་ཏུང་གིས་ཧན་ཤར་མའི་མའེ་ཝུའུ་དང་བསྡུར་བའི་མཁར་རྫོང་དེ་ནི་ཅོག་ཙེ་རྒྱལ་པོའི་རྒྱལ་ཁང་ཡིན་པ་དང་། 1988ལོར་ཁག་གསུམ་པའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་གྲས་སུ་བཞག
    ཟླ་5ཚེས་30ཉིན། གསར་འགོད་པ་འབར་ཁམས་གྲོང་ཁྱེར་གྱི་ཅོག་ཙེ་རྒྱལ་པོའི་རྒྱལ་ཁང་དུ་འབྱོར། རྒྱལ་ཁང་དེ་སའི་ཆགས་དབྱིབས་དང་བསྟུན་ནས་བསྐྲུན་པ་དང་མཁར་དང་བརྩིགས་པ་མཐོ་ཞིང་བརྗིད་ལ་བོད་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་མངོན་ཡོད།
    1935ལོའི་ཟླ་6པའི་ཚེས་30ཉིན་གྱི་སྔ་གཞུག་ཏུ།ཀྲུང་གུང་ཀྲུང་དབྱང་དང་ཀྲུང་དབྱང་གསར་བརྗེ་དམག་ཨུས་དམག་དཔུང་དང་པོའི་གཙོ་ཤུགས་ཁྲིད་དེ་ཕྱོགས་གཉིས་ནས་བྱང་ཕྱོགས་སུ་བསྐྱོད་དེ། འབོ་བྲེ་ལ་བརྒལ་ཞིང་། ཟླ་7པའི་ཚེས་1ཉིན་ཅོག་ཙེ་རུ་སླེབས། ཟླ་7པའི་ཚེས་3ཉིན་ཅོག་ཙེ་རྒྱལ་པོའི་རྒྱལ་ཁང་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་གྲོས་ཚོགས་འཚོགས། མའོ་ཙེ་ཏུང་དང་ཀྲུའུ་ཨེན་ལའེ། ཀྲུའུ་ཏེ། ཀྲང་ཝུན་ཐེན། ཝང་ཅ་ཞང་། ཆིན་པང་ཞན་བཅས་ཚོགས་འདུར་ཞུགས། ཚོགས་འདུའི་ཐོག་གཙོ་བོ་མིག་སྔའི་མི་རིགས་སྲིད་ཇུས་དང་མི་རིགས་ལས་དོན་གྱི་གནད་དོན་གྲོས་བསྡུར་བྱས་པ་དང་།《དབུས་ཁམས་ཕྱོགས་ཀྱི་མང་ཚོགས་ལ་བསྒྲགས་པའི་འཕྲིན་ཡིག--བོད་མི་རིགས་ཀྱི་གསར་བརྗེའི་ལས་འགུལ་གྱི་འཐབ་རྩོད་རྩ་འཛིན》ལ་གྲོས་འཆམ་བྱུང་བ། བོད་རིགས་མང་ཚོགས་ལ་མཐུན་སྒྲིལ་བྱས་ཏེ་བཙན་རྒྱལ་རིང་ལུགས་དང་གོ་མིན་ཏང་གི་དམག་ཤེད་ཅན་ལ་ངོ་རྒོལ་དང་ངེས་མེད་རྒོལ་རྡུང་རུ་ཁག་འཛུགས་པ། དམར་དམག་ནང་ཞུགས་ནས་མི་རིགས་རང་ཐག་རང་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། དེ་ནི་ཏང་ཀྲུང་དབྱང་གིས་དམར་དམག་བོད་རིགས་འདུས་སྡོད་ཁུལ་དུ་བསྐྱོད་རྗེས། བོད་རིགས་སོགས་གྲངས་ཉུང་མི་རིགས་ལ་འགོ་ཁྲིད་བྱས་ཏེ་མི་རིགས་གསར་བརྗེ་བྱས་ནས་ཀྲུང་གོའི་གསར་བརྗེའི་གྲུབ་ཆ་ཞིག་ཏུ་གྱུར་ཏེ། བོད་རིགས་ས་ཁུལ་ལ་གསར་བརྗེའི་བྱེད་ཕྱོགས་དང་སྲིད་ཇུས་ལག་ལེན་བསྟར་བའི་རྩ་དོན་གཏན་འབེབས་བྱས་པ་དང་། མི་རིགས་ས་ཁུལ་དུ་གསར་བརྗེའི་ལས་འགུལ་སྤེལ་བའི་ཕྱོགས་སྟོན་ཞིག་ཏུ་གྱུར་ཡོད།
    “གསར་བརྗེའི་རིག་གནས་གནའ་ཤུལ་རེ་རེ་ཡིས་སྤྱིར་བཏང་མིན་པའི་ལོ་ཟླ་རེ་རེ་མཚོན་ལ། མཁར་རྫོང་ཅིག་གི་གསར་བརྗེའི་རྗེས་ཤུལ་འཁོད་ཡོད”ཅེས་གསར་བརྗེའི་གནའ་ཤུལ་ལ་ལྟ་སྐོར་བྱེད་བཞིན་པའི་ལྗོངས་སྐོར་བ་སྐུ་ཞབས་ཧུང་ལགས་ཀྱིས་གསར་འགོད་པར་བཤད། ད་ལོ་ནི་ཏང་བཙུགས་ནས་ལོ་འཁོར་100ལོན་པའི་ལོ་རེད། ངའི་བཟའ་ཟླ་དང་ལྷན་དུ་ཧྲང་ཧའེ་ནས་ལྟ་སྐོར་དང་སློབ་སྦྱོང་དང་གསར་བརྗེའི་གཏམ་རྒྱུད་ལ་ཉན་པ། གསར་བརྗེའི་རྗེས་ཤུལ་འཚོལ་བ། གསར་བརྗེའི་རྒན་རབས་པའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱེད་རྒྱུ་དང་ཀྲུང་གོ་གསར་པ་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་བདེ་སྐྱིད་ཀྱི་འཚོ་བ་ནི་དེ་ལས་ལྷག་པའི་དཀའ་བ་དེ་མྱོང་ཚོར་བྱེད་ཐུབ་ཅེས་ཡང་བཤད་བྱུང་།
    དམར་དམག་རྒྱང་སྐྱོད་ཀྱི་དུས་སྐབས་སུ། འབར་ཁམས་ནི་བྱང་སྐྱོད་དང་ལྗར་འགོག་གི་རྒྱབ་རྟེན་དང་བར་བརྒྱུད་ས་ཚིགས་གཙོ་བོ་ཞིག་ཡིན། ཏང་ཀྲུང་དབྱང་གི་འགོ་ཁྲིད་གཙོ་བོས་དམར་དམག་གི་སྣེ་ཁྲིད་དེ་གནས་སྡོད་བྱེད་ཡུན་རིང་ཤོས་ཀྱི་ས་ཆ་ཞིག་ཀྱང་ཡིན། དམར་དམག་གི་རྔུལ་ཆུ་དང་ལས་དོན་གྱི་རྗེས་ཤུལ་བཞག་ཡོད་པ་དང་། གསར་བརྗེའི་རྗེས་ཤུལ་ནི་གསར་བརྗེའི་བདེན་དཔང་ཡིན་ལ། ལོ་རྒྱུས་ཀྱི་ཤུལ་བཞག་ཡིན། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བསླབ་དེབ་གསར་བའང་ཡིན། ད་སྐབས་རྒྱང་སྐྱོད་ལས་བྱེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་ཁྲིད་རྟེན་གཞིར་གྱུར་ཡོད། འདི་ན་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ཏང་ཡོན་ལས་བྱེད་པས་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་དྲན་བྱས་ཏེ་རྒྱང་སྐྱོད་ལམ་བུར་བསྐྱར་དུ་བསྐྱོད་པ་དང་དམར་དམག་གི་དཀའ་སྤྱད་འབད་བརྩོན་གྱི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་ཀྱིན་ཡོད། ད་དུང་རྒྱལ་ཁང་དུ་ནམ་རྒྱུན་ལྗོངས་སྐོར་བ་མིག་གིས་ལོན་དཀའ་ལ་ཁྱིམ་མཚེས་ཀྱི་གྲོང་སྡེའི་དཔལ་འབྱོར་གྱི་ཡོང་འབབ་གཙོ་བོ་ཞིག་ཏུ་གྱུར་ཡོད། སྔོ་ལྗང་རི་ཀླུང་གིས་བསྐོར་བའི་སའི་སོ་གྲོང་སྡེར་འབྱོར་ན“མི་ཡུལ་གྱི་དག་ཞིང”དུ་སླེབས་པ་ལྟ་བུའི་ཚོར་སྣང་སྟེར་སྲིད།
    ཉེ་བའི་ལོ་ཤས་རིང་། འབར་ཁམས་གྲོང་ཁྱེར་ཅོག་ཙེ་གྲོང་རྡལ་གྱིས་རྒྱལ་ཁང་ལྟེ་བ་བྱས་ཏེ། དམར་དམག་རྒྱང་སྐྱོད་ཀྱི་དྲན་གསོ་ཁང་དང་སའི་སོ་གྲོང་སྡེ་སོགས་སུ་གསར་བརྗེའི་ལྗོངས་སྐོར་བྱ་ཡུལ་བཙུགས་པ་དང་སྡོད་ཁང་དང་བཟའ་བཏུང་སྐོར་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་བཏང་སྟེ། གསར་བརྗེའི་རིག་གནས་ཀྱིས་ལྗོངས་སྐོར་ལས་རིགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་བཏོན་ཡོད།
    ཏང་དང་རྒྱལ་ཁབ་ཀྱི་དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པ་དང་བསྟུན་ནས་ད་སྐབས་འབར་ཁམས་གྲོང་ཁྱེར་དུ་ཁང་བརྩེགས་མཐོན་པོ་གྲལ་དུ་བསྒྲིགས་ཀྱང་། གྲོང་གསེབ་ཀྱི་ཁྱིམ་སོ་སོས་གང་ཐུབ་ཀྱིས་སྐྱིད་སྣང་གིས་ཕྱུག་པའི་མི་རིགས་ཁྱད་ཆོས་ལྡན་པའི་ཁང་བ་བསྐྲུན་པ་དང་ལྟོ་གོས་ལ་སེམས་ཁྲལ་མེད་པ་དང་འཚོ་བ་འབྱོར་ཕྱུག་ལྡན་པར་གྱུར་ནས་དགའ་སྤྲོའི་ངང་གླུ་དང་གར་ལ་རོལ་བཞིན་མཆིས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1