གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༡༧ཉིན།

ལྷ་ས་གོང་དཀར་གནམ་ཐང་ནས་བྱུང་བའི་གཏམ་བཟང་།

      ཟླ་6ཚེས་9ཉིན། ཀྲུང་གོའི་མཁའ་འགྲུལ་གནམ་གྲུCA4125་བདེ་བླག་ངང་གནམ་གྲུ་འཇོག་གནས་སུ་བཤུད་པ་དང་བསྟུན་ནས། ལྷ་ས་གོང་དཀར་གནམ་ཐང་གི་གནམ་གྲུ་འབབ་ཚུགསT3གྱི་ཤར་ཕྱོགས་ས་ཚུགས་ཐང་དངོས་སུ་སྤྱོད་འགོ་ཚུགས་པ། སྐབས་དེར་སླེབས་རྗེས། ལྷ་ས་གོང་དཀར་གནམ་ཐང་གི་གནམ་གྲུ་འབབ་ཚུགས་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་སྟེ། གསར་དུ་བསྐྲུན་པའི་ཤར་ནུབ་ཕྱོགས་ཀྱི་ས་ཚུགས་ཐང་ཚང་མ་བཀོལ་སྤྱོད་བྱེད་འགོ་ཚུགས་ཡོད། ཤར་ཕྱོགས་ས་ཚུགས་ཐང་བདེ་བླག་ངང་བཀོལ་བར་འགན་ལེན་བྱེད་ཆེད། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་མཉམ་སྦྱོང་བྱེད་སྒོ་ཐེངས་མང་སྤེལ་ཡོད་པ་རེད། 


     ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་བཀོལ་སྤྱོད་བྱས་པའི་ཤརཕྱོགས་ཀྱི་ས་ཚུགས་ཐང་ལ། གནམ་གྲུ་འཇོག་གནས་ཁྱོན་བསྡོམས་8ཡོད་ཅིང་གནམ་གྲུའི་ཨང་གྲངས་6ནས་13བར་ཡིན། དེའི་ཐོག་དེ་སྔོན་སྤྱད་པའི་ཐག་རིང་གི་གནམ་གྲུ་འཇོག་གནས་3དང་། ནུབ་ཕྱོགས་ཀྱི་ས་ཚུགས་ཐང་གི་གནམ་གྲུ་འཇོག་གནས་10བསྣན་ཚེ། ལྷ་ས་གོང་དཀར་གནམ་གྲུ་ཐང་གི་གནམ་གྲུ་འབབ་ཚུགས་ཁུལ། བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭར་གསར་དུ་བསྐྲུན་པའི་གནམ་གྲུ་འཇོག་གནས་21ཚང་མ་བསྐྲུན་ཟིན་པ་མ་ཟད་བཀོལ་སྤྱོད་བྱས་པ་རེད། སྐབས་དེར་སླེབས་རྗེས། ལྷ་ས་གོང་དཀར་གནམ་ཐང་གི་གནམ་གྲུ་འཇོག་གནས་བསྡོམས་འབོར་26ཟིན་པ། འཁོར་སྐྱོད་འགན་སྲུང་ནུས་པ་སྔར་ལས་ཇེ་ཆེ་འགྲོ་རྒྱུ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1