གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༡༧ཉིན།

གསར་བརྗེའི་གྲོང་ཁྱེར་གྱི་འཕེལ་འགྱུར་ཆེན་པོ།


གསར་བརྗེའི་གྲོང་ཁྱེར་གྱི་འཕེལ་འགྱུར་ཆེན་པོ།
ལྔ་གཅིག་ཚོགས་ཁང་གྱི་གནས་རྙིང་།

ནང་སོག་རང་སྐྱོང་ལྗོངས་ཞིན་ཨན་མོང་ཝུའུ་ལན་ཧའོ་ཐེ་གྲོང་ཁྱེར་གྱི་ལྔ་གཅིག་བྱང་ལམ་དུ་གནའ་བོའི་བབ་ཆགས་ལྡན་པའི་ཚོགས་ཁང་ཞིག་བསྐྲུན་ཡོད་ཅིང་། ཚོགས་ཁང་མདུན་གྱི་ལྟག་སྒོའི་ཐོག་ཏུ་སོག་རྒྱ་ཡིག་རིགས་ཤན་སྦྱར་བྲིས་པའི་གསེར་མདོག་ཅན་གྱི་ཡི་གེ་དེས་འཛམ་གླིང་སྐྱེ་བོ་ཀུན་ལ་གསར་བརྗེའི་འོད་སྟོང་འཕྲོ་བའི་རྣམ་པ་ཞིག་མངོན་བཞིན་མཆིས།

1947ལོའི་སྤྱི་ཟླ4བའི་ཚེས23ཉིན། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཝུའུ་ལན་ཧྥུ་ཡིས་ཚབ་མཛད་པའི་གུང་ཁྲན་ཏང་མི་སྐོར་ཞིག་གིས་འདི་ནས་རྩ་འཛུགས་བྱས་ཏེ་ནང་སོག་མི་དམངས་འཐུས་མི་གྲོས་ཚོགས་འཚོགས་པ་རེད། མི་རིགས་ཁག་གི་འཐུས་མི393ལ་ལས་རྟ་བཞོན་པ་དང་འགའ་ཞིག་གླང་འཐེན་འཁོར་ལོར་བསྡད་དེ་སྲང་ལམ་གཉིས་ལས་མེད་པའི་ཝང་ཡེ་མའོ་ཁྲོམ་ལམ་དུ་འཛོམས་ནས་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་མི་རིགས་བཅིངས་འགྲོལ་གྱི་ལམ་དུ་བསྐྱོད་རྒྱུའི་ཐག་བཅད། ཚོགས་འདུའི་ཐོག《ནང་སོག་རང་སྐྱོང་སྲིད་གཞུང་གི་སྲིད་སྐྱོང་རྩ་འཛིན》དང《ནང་སོག་རང་སྐྱོང་སྲིད་གཞུང་གི་གནས་སྐབས་ལག་བསྟར་རྩ་འཛུགས་རྩ་འཛིན》《ནང་སོག་མི་དམངས་འཐུས་མི་གྲོས་ཚོགས་ཀྱི་བསྒྲགས་གཏམ》སོགས་ཡིག་ཆ་གལ་ཆེན་ལ་གྲོས་འཆམ་བྱུང་ཡོད།

1947ལོའི་སྤྱི་ཟླ5པའི་ཚེས2ཉིན།ནང་སོག་རང་སྐྱོང་སྲིད་གཞུང་གིས་སྐབས་དང་པོའི་སྲིད་གཞུང་གི་ཨུ་ཡོན་གྲོས་ཚོགས་འཚོགས་ཏེ། སྤྱི་ཟླ5པའི་ཚེས1ཉིན་ནི་ནང་སོག་རང་སྐྱོང་སྲིད་གཞུང་བཙུགས་པའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས། རང་སྐྱོང་སྲིད་གཞུང་གིས་གནས་སྐབས་སུ་ཝང་ཡེ་མའོ་སྲང་ལམ་བསྐྲུན། ལོ་དེའི་སྤྱི་ཟླ11པའི་ཚེས26ཉིན།ཝང་ཡེ་མའོ་སྲང་ལམ་དེ་གྲོང་ཁྱེར་དུ་རིམ་སྤོར་བྱས་ཤིང་། མིང་ཡང་ཝུའུ་ལན་ཧའོ་ཐེ་གྲོང་ཁྱེར་ཞེས་པར་བསྒྱུར། སོག་སྐད་དུ་གསར་བརྗེའི་གྲོང་ཁྱེར་ཞེས་པའི་དོན་ཡིན།

དཀར་མཛེས་དམག་འཛོམས།

1935ལོའི་སྤྱི་ཟླ5པར། དམར་དམག་འབུམ་ཤོག་གཉིས་པ་དང་དྲུག་པ་ཡུན་ནན་རྒྱལ་དམ་ནས་མགོ་ཚུགས་ཏེ་གཞུང་སྒྲིག་རུ་དཔུང་གཉིས་བགོས་ནས་བྱང་ཕྱོགས་སུ་བསྐྱོད་པ་རེད། དམར་དམག་འབུམ་ཤོག་གཉིས་པས་སྡེ་རོང་དང་འབའ་ཐང་། དཔལ་ཡུལ་རྫོང་བཅས་བརྒྱུད་ནས་སྤྱི་ཟླ6པའི་ཚེས30ཉིན་དཀར་མཛེས་རྫོང་རོང་པ་ཚ་ལ་དམར་དམག་འབུམ་ཤོག་བཞི་པ་དང་དམག་འཛོམས་བྱས་པ་རེད།དམར་དམག་འབུམ་ཤོག་དྲུག་པས་ཕྱག་ཕྲེང་དང་འདབ་པ་བརྒྱུད་ནས་སྤྱི་ཟླ6པའི་ཚེས3ཉིན་ལི་ཐང་རྫོང་འཇའ་བ་གྲོང་རྡལ་དུ་དམར་དམག་འབུམ་ཤོག32པ་དང་དམག་འཛོམས་བྱས་རྗེས།ཉག་རོང་བརྒྱུད་ནས་སྤྱི་ཟླ6པའི་ཚེས23ཉིན་དཀར་མཛེས་རྫོང་གི་གྲོང་ཁུལ་དུ་བསླེབས་ཡོད། སྤྱི་ཟླ7པའི་ཚེས2ཉིན་དམར་དམག་གིས་དཀར་མཛེས་རྫོང་གྲོང་ཁུལ་གྱི་འདབས་སུ་དམག་འཛོམས་ཀྱི་རྟེན་འབྲེལ་ཚོགས་འདུ་འཚོགས་པ་རེད། དཀར་མཛེས་དམག་འཛོམས་ནི་དམར་དམག་རྒྱང་སྐྱོད་ཀྱི་དམག་འཛོམས་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན་པས་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ཡོད་པ་རེད།།

མེན་དབྱང་ཚན་རྩལ་གྲོང་ཁྱེར།

1999ལོར་བློ་མཐུན་ཅང་ཙེ་མིང་གིས་མེན་དབྱང་གྲོང་ཁྱེར་དུ་རྟོག་ཞིབ་ཐེངས་གཉིས་པ་གནང་རྗེས་མེན་དབྱང་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་རྒྱུའི་གནད་དོན་ཐད་སྔར་ལྷག་གིས་ཞིབ་འཇུག་བྱ་དགོས་ཞེས་མཛུབ་སྟོན་གནང་བ་རེད། 2000ལོའི་སྤྱི་ཟླ9པའི་ནང་བློ་མཐུན་ལི་ལན་ཆིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་ནས་མེན་དབྱང་ཚན་རྩལ་གྲོང་ཁྱེར་འཛུགས་སྐྱོང་བྱ་རྒྱུའི་གལ་ཆེའི་ཐབས་ཇུས་བཏོན་པས་མ་ཚད། ཚན་རིག་ལག་རྩལ་པུའུ་སོགས་པུའུ་ཨུ10 (ད་ལྟ་ཁོངས་གཏོགས་སྡེ་ཚན18ཡོད)ལས་གྲུབ་པའི་མེན་དབྱང་ཚན་རྩལ་གྲོང་ཁྱེར་འཛུགས་སྐྱོང་བྱེད་མཁན་གྱི་མཐུན་སྦྱོར་ཚོགས་ཆུང་བཙུགས་ཡོད་པ་རེད། 2000ལོར་མེན་དབྱང་ཚན་རྩལ་གྲོང་ཁྱེར་བཙུགས་ནས་རང་རྒྱལ་གྱི་ཚན་རྩལ་གྲོང་ཁྱེར་ཉག་ཅིག་གྱུར་པ་རེད།།

གསར་བརྗེའི་གྲོང་ཁྱེར་གྱི་འཕེལ་འགྱུར་ཆེན་པོ།

ཝུའུ་ལན་ཧའོ་ཐེ་གྲོང་ཁྱེར་གྱི་རྣམ་པ་གསར་པ།

གསར་བརྗེའི་ཞིང་སར་མཐུན་སྒྲིལ་གྱི་མེ་ཏོག་བཞད།

རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་སྲིད་དབང་དང་པོ་ཡིན་པའི་ནང་སོག་རང་སྐྱོང་སྲིད་གཞུང་གི་འཁྲུངས་ཡུལ་ཝུའུ་ལན་ཧའོ་ཐེ་གྲོང་ཁྱེར་ནི་ཏང་གི་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ཀྱི་ལག་ལེན་བྱ་ཡུལ་སྔ་ཤོས་དེ་ཡིན་ཞིང་། ལོ་ངོ70ལྷག་གི་རིང་ལ་གསར་བརྗེའི་ས་གཞི་ཆེན་མོ་འདིའི་སྟེང་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད་དེ་ཡག་ཐོག་ཡག་བརྩེགས་ལ་འགྲོ་བཞིན་ཡོད།

“མི་རིགས་ང་དྲུག་གཅེན་གཅུང་མིང་སྲིང་ཁྱིམ་ཚང་གཅིག་ལྟར་ཡིན”ཞེས་པའི་གླུ་དེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྡེ་ཚན”ཝུའུ་ལན་ཧའོ་ཐེ་གྲོང་ཁྱེར་རྒྱལ་གཅེས་དོན་གཅོད་ཁང་ཐོ་ཨེར་ཧོ་སྡེ་ཁུལ་གྱི་རིག་གནས་བྱེད་སྒོ་ཁང་དུ“འབྲོག་པ་རྒན་རྒོན་སྒྱུ་རྩལ་ཚོགས་པའི”ཚོགས་མི་ཚོས་ལུས་ལ་མི་རིགས་ཀྱི་གྱོན་ཆས་གྱོན་ཞིང་།《ང་ཡི་ཀྲུང་ཧྭར་དགའ》ཞེས་པའི་གླུ་གཞས་དང་བསྟུན་ནས་མཉམ་དུ་ལེན་བཞིན་འདུག

ཐོ་ཨེར་ཧོ་སྡེ་ཁུལ་དུ་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་སྡེ་ཁུལ་སྤྱིའི་མི་འབོར་གྱི་བརྒྱ་ཆ27ལ་ཟིན།“འབྲོག་པ་རྒན་རྒོན་སྒྱུ་རྩལ་ཚོགས་པས”སྡེ་ཁུལ་གྱི་མི་རིགས་ཁག་གི་གྲོང་མི་རྣམས་འདུས་ནས་སོག་རིགས་དང་ཁྲའོ་ཞན་རིགས།ཧུའེ་རིགས་སོགས་མི་རིགས་ཀྱི་ཁྱད་ཆོས་ལེ་ཚན་རང་རྩོམ་རང་བསྒྲིགས་བྱས་ནས་འཁྲབ་སྟོན་བྱེད་པའམ་ཡང་ན་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་དེ་ཏང་གི་འབོད་སྐུལ་བརྒྱུད་སྤྲོད་དང་ཕུལ་བྱུང་གི་མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་གིན་ཡོད།

“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དཔེ་སྟོན་སྡེ་ཚན”ཝུའུ་ལན་ཧའོ་ཐེ་གྲོང་ཁྱེར་དབྱི་ལེ་ཐེ་གྲོང་རྡལ་ནི་སོག་རིགས་ཀྱིས་གྲུབ་ཆ་གཙོ་བོ་དང་མི་རིགས་མང་པོ་འདུས་སྡོད་ཁུལ་ཞིག་ཡིན་པས“མེ་ཏོག་ཡུལ་གྱི་གྲོང་རྡལ་ཆུང་ངུ”ཞེས་པའི་མཚན་སྙན་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་གྲོང་རྡལ་ཆུང་གྲས་ཀྱིས་མཛེས་སྡུག་ལྡན་པའི་ཡུལ་སྡེ་འཛུགས་སྐྲུན་དང་ཡུལ་སྐོར་ལས་རིགས།དབུལ་ཐར་འགག་སྒྲོལ་བཅས་ཟུང་འབྲེལ་བྱས་ནས་ཐོན་ལས་གཞན་སྒྱུར་རིམ་སྤོར་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

2016ལོར་ཝུའུ་ལན་ཧའོ་ཐེ་གྲོང་ཁྱེར་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དཔེ་སྟོན་གྲོང་ཁྱེར་ཞེས་མིང་བཏགས་པ་དང་།གྲོང་ཁྱེར་ཡོངས་སུ་ད་ཆ་རྒྱལ་ཁབ་རིམ་པའི་དཔེ་སྟོན་སྡེ་ཚན4དང་།རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཐུན་མོང5 སྔོན་ཐོན་མི་སྒེར5 རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་སྡེ་ཚན11བཅས་ཡོད་པ་རེད།

རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན།

ཉེ་བའི་ལོ་ཤས་རིང་ཝུའུ་ལན་ཧའོ་ཐེ་ཡིས“རི་བོ་གཉིས”ཀྱི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས་སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་སྐྱེ་ཁམས་རྨང་གཞི་མུ་མཐུད་བརྟན་དུ་བཏང་སྟེ“རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་དང་རྫོང་།རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར”“རྒྱལ་ཡོངས་ཀྱི་ལྗང་འགྱུར་དཔེ་བཟང་གྲོང་ཁྱེར”སོགས་ཀྱི་གཟི་བརྗིད་མཚན་སྙན་རབ་དང་རིམ་པ་ཐོབ་ཡོད།

རི་སྔོ་ཆུ་དྭངས་བརྟན་སྲུང་བྱས་ན་གསེར་རི་དངུལ་རི་ཡིན། སྐྱེ་ཁམས་ཡུལ་སྐོར་དེ་ཝུའུ་ལན་ཧའོ་ཐེ་གྲོང་ཁྱེར་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་སྲོག་ཤིང་ལྟ་བུར་འགྱུར་བཞིན་ཡོད། “ལོ་ལྔ་འཆར་གཞི་བཅུ་གསུམ་པའི”རིང་གྲོང་ཁྱེར་ཡོངས་ཀྱིས་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི1300ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར120མངོན་འགྱུར་བྱུང་ཡོད།

སྐྱེ་ཁམས་བཟང་ན་བྲོ་ལྡན་ཐོན་རྫས་འབྱུང་། ད་ཆ“ཤིན་ཨན་མོང་འབྲས”ཀྱི་དྲི་ཞིམ་རྒྱལ་ཡོངས་ས་གནས་ཁག་ལ་ཁྱབ་བཞིན་ཡོད། ཡོན་ལུང་ཕིང་ཡོའན་ཧྲིས“འཛམ་གླིང་གི་སྤུས་ལེགས་ཆུ་འབྲས་ཀྲུང་གོའི་འབྲས་བཟང་པོ”ཞེས་བསྔགས་བརྗོད་བྱས་མྱོང་། “ཞིང་ཨན་མོང་གི་ནོར་ལུག་གི་ཤ”རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར།རང་སྐྱོང་ལྗོངས་བཅས་ས་གནས18ལ་ཁྱབ་པས་མ་ཚད“ཤིན་ཨན་མོང་དཀར་ཆུའི་ལས་རིགས”ཀྱི་ཐོན་རྫས་རྒྱལ་ཡོངས་སུ་བྲིན་ཁ་རྒྱུག་པོ་བྱུང་ཡོད།

རྒྱལ་ཡོངས་ཀྱི“ཞིན་ཨན་མོང་གི་བྲོ་བ”ནི་ཐོན་རྫས་ཉེན་མེད་དང་སྤུས་ལེགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལས་བྱུང་བ་ཞིག་ཡིན།བྱང་གི་འཕྲེད་ཐིག་ཏུའུ46གི་འཁྱགས་ས་ཆུ་འབྲས་འདེབས་འཛུགས་ཁུལ་ཡག་ཤོས་དང་།འཛམ་གླིང་ཐོག་ཀུན་གྱིས་ཁས་ལེན་པའི་ནོར་གནག་རྒྱུད་པ་བཟང་ཤོས།མ་རྨོས་ལོ་ཏོག་གི་སྤུས་ལེགས་ཐོན་ཁུལ་བཅས་ཡིན་པར་མ་ཟད།རང་རྒྱལ་གྱི་འབྱུང་འཕྲོད་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཀྱང་ཡིན། “ཞིན་ཨན་མོང་གི་བྲོ་བའི”ཐོན་ཁུལ་གཙོ་བོ་ཡིན་པའི་ཝུའུ་ལན་ཧའོ་ཐེས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི23.4བསྐྲུན་པ་དང་།འདེབས་ཁྱོན་མུའུ་ཁྲི70ཡན་ཟིན་པ།འབྲུ་རིགས་ཐོན་ཚད་སྤྱི་རྒྱ་དུང་ཕྱུར3ཡན་བརྟན་པོ་ཡོང་བ་བཅས་བྱས་ནས“ལོ་བཅོ་བརྒྱད་བསྟུད་མར་ཐོན་འཕར་ཡོང་བ”མངོན་འགྱུར་བྱུང་ཡོད།

གྲོང་ཁྱེར་འཕེལ་འགྱུར་བྱུང་ནས་བདེ་སྐྱིད་འཚོ་བ་རོལ།

ལོ74ཡི་གོང་ཙམ་ལ་ཝང་ཡེ་མའོ་ཁྲོམ་ལམ་དུ་མི་ཁྲི5.8ལས་མེད་པ་དང་། འདིར་ལག་ཤེས་འཁལ་འཐག་བཟོ་ཁང་ཉུང་ཤས་ཤིག་དང་ཐལ་རྡུལ་གྱི་ཁེངས་པའི་ས་ལམ་ཐབས་ཆག་ཅིག་ལས་མེད།

ལོ74ཡི་རྗེས་སུ།ཝུའུ་ལན་ཧའོ་ཐེའི་མི་གྲངས་ཁྲི36ལ་བསླེབས་ཤིང་།འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ44ཡོད། ཞིན་ཨན་ལམ་ལྟེ་བར་བྱས་པའི་གྲོང་ཁུལ་གྱི་འགྲོ་ལམ་དེ་ཤར་ནུབ་འབྲེལ་མཐུད་དང་ལྷོ་བྱང་ཤར་བགྲོད་ཀྱི་ཐེག་ནུས་ཆེ་རུ་ཕྱིན་ཡོད། ཝན་ཏ་ཐང་ཆེན་དང་སེམས་འཁོར་ཁྱིམ་གཞིས།སྐར་དམར་མེ་ཁའེ་ལུང་བཅས་ཀྱིས་སྣེ་ཁྲིད་ཚོང་ལས་ཁྱབ་ཁོངས་གསར་བསྐྲུན་བྱས་ནས་མི་རྣམས་ཀྱི་ཉོ་སྒྲུབ་དང་སྤྲོ་གསེང་།རོལ་རྩེད་བཅས་གཅིག་འདུས་རྣམ་པའི་དགོས་མཁོ་བསྐངས་ཡོད། ཟློས་གར་ཁང་དང་རོལ་དབྱངས་ཁང་།གློག་བརྙན་ཁང་སོགས་བསྐྲུན་ནས་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད། ལྗོངས་ཡོངས་ཀྱི་ཞིང་ཆེན་བརྒལ་བའི་མྱུར་བགྲོད་ལྕགས་ལམ་དང་པོ་སྟེ།ཝུའུ་ལན་ཧའོ་ཐེ་ནས་པའེ་ཁྲེང་བར་གྱི་མྱུར་བགྲོད་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་།ཝུའུ་ལན་ཧའོ་ཐེ་ནས་པེ་ཅིང་ཤུགས་འགྲེམས་མེ་འཁོར་བར་ཕར་འགྲོ་ཚུར་འོང་ཐུབ་པ།པེ་ཅིང་དང་ཐེན་ཅིན།ཧྲེན་དབྱང་སོགས་གྲོང་ཁྱེར་དུ་ཐད་གཏོང་བྱེད་པའི་འགྲུལ་སྐྱེལ་མེ་འཁོར་དང་དེ་བཞིན་རྒྱལ་ནང་གི་དམངས་སྤྱོད་མཁའ་འགྲུལ་ལམ་ཐིག22ལ་ཟིན་ནས་མི་རྣམས་ཀྱི་འགྲོ་སྐྱོད་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད།།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1