གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༡༧ཉིན།

བདེན་འཚོལ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་འདི་སྤེལ་འདུག

        བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་༼ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། ལོ་རྒྱུས་ལས་བློ་སྟོབས་སྐྱེས་པ། ལོ་རྒྱུས་ཤེས་རྟོགས་བྱས་ནས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད༽ཅེས་པ་སྤེལ་བ།
        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་6པའི་ཚེས་16ཉིན་དཔེ་སྐྲུན་བྱས་པའི་འདོན་ཐེངས་12པའི་༼བདེན་འཚོལ་༽དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་༼ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། ལོ་རྒྱུས་ལས་བློ་སྟོབས་སྐྱེས་པ། ལོ་རྒྱུས་ཤེས་རྟོགས་བྱས་ནས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་༽ཅེས་པ་སྤེལ་ཡོད།
        རྩོམ་ཡིག་ནང་། ལོ་རྒྱུས་ནི་བསླབ་གཞི་ཡག་ཤོས་དེ་ཡིན། རང་རེའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གང་འདྲ་ཡིན་མིན་ལ་རྒྱུས་ལོན་བྱེད་པ་དང་། རང་རེའི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཉམས་ལེན་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་གལ་ཆེན་དོན་རྐྱེན་དང་གལ་ཆེན་མི་སྣར་རྒྱུས་མངའ་ཡང་དག་བྱེད་དགོས། དེ་ནི་ཏང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་ངོས་འཛིན་ཡང་དག་བྱེད་པར་དགོས་མཁོ་ཧ་ཅང་ཆེ་བ་ཞིག་རེད་ལ། མ་འོངས་གསར་གཏོད་བྱེད་པར་ཡང་དགོས་མཁོ་ཧ་ཅང་ཆེ་བ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་འཇོན་དོན་གང་ཡིན་པ་དང་། མར་ཁེ་སི་རིང་ལུགས་འགྲིག་དོན་གང་ཡིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡོང་དགོས་དོན་གང་ཡིན་པ་ལ་སོགས་པའི་གནད་དོན་གལ་ཆེན་ལ་གཞིགས་ནས། དྲིལ་སྒྲོག་སློབ་གསོ་རྒྱ་ཁྱབ་ངང་སྤེལ་དགོས་པ་དང་། བསམ་བློའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས་པ། རྒྱ་ཆེའི་ལས་བྱེད་མང་ཚོགས་ནས་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བློ་སྤོབས་དང་། རིགས་པའི་གཞུང་ལུགས་ཀྱི་བློ་སྤོབས། ལམ་ལུགས་ཀྱི་བློ་སྤོབས། རིག་གནས་ཀྱི་བློ་སྤོབས་བཅས་བརྟན་པོ་འཛུགས་པ། མི་དམངས་ཡོངས་ཀྱིས་ཏང་གཅེས་དང་། རྒྱལ་གཅེས། སྤྱི་ཚོགས་རིང་ལུགས་ལ་གཅེས་པ་བཅས་ཀྱི་སྤྲོ་སེམས་ཆེན་པོ་སྐུལ་སློང་སྔར་ལས་ལྷག་པ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
        རྩོམ་ཡིག་ནང་། ཀྲུང་གོར་ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་འཛིན་བྱས་པ་ནི་ཀྲུང་གོ་དང་། ཀྲུང་གོའི་མི་དམངས། ཀྲུང་ཧྭ་མི་རིགས་བཅས་ཀྱི་བཀྲ་ཤིས་པའི་བྱ་བ་ཞིག་རེད། ང་ཚོས་ཀྲུང་གོའི་ཉེ་རབས་ལོ་རྒྱུས་དང་། ཀྲུང་གོའི་དེང་རབས་ལོ་རྒྱུས། ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་བཅས་ལ་ཤེས་རྟོགས་གཏིང་ཟབ་བྱས་ཚེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ན། རང་རེའི་རྒྱལ་ཁབ་དང་རང་རེའི་མི་རིགས་ལ་མིག་སྔ་ལྟ་བུའི་གྲུབ་འབྲས་ཐོབ་མི་སྲིད་ལ། མིག་སྔ་ལྟ་བུའི་རྒྱལ་སྤྱིའི་གནས་བབ་ཀྱང་ཐོབ་མི་སྲིད་པ་ཤེས་རྟོགས་ཐུབ། ཏང་གིས་བརྒྱུད་མྱོང་བའི་འགྱུར་ལྡོག་ཆེན་པོའི་ལོ་རྒྱུས་ཁྲོད་དང་། ཏང་གིས་གསར་གཏོད་དང་སྐུལ་འདེད་ཟམ་མི་ཆད་པར་བཏང་བའི་རླབས་ཆེའི་བྱ་གཞག་ཁྲོད། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་གི་རྩ་བའི་དམིགས་ཡུལ་དང་ཡུན་རིང་གི་ལག་ལེན་ཁྲོད་བཅས་ཏང་ལ་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་འགོ་ཁྲིད་ལ་ཡིད་ཆེས་བྱེད་ཤུགས་བརྟན་དུ་གཏོང་དགོས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུའི་རྩ་དོན་གྱི་གནད་དོན་གལ་ཆེན་དེའི་ཐད། ང་ཚོས་རིག་པ་སྔར་བས་དྭངས་གསལ་དང་། མིག་སྔར་བས་གསལ་བ། ལངས་ཕྱོགས་སྔར་བས་བརྟན་པ་བཅས་བྱེད་པ་ལས་གསལ་ལ་མི་གསལ་དང་གཡོ་འགུལ་གཏན་ནས་མི་ཐེབས་པ་བྱེད་དགོས་ཞེས་བསྟན་ཡོད།
        རྩོམ་ཡིག་ནང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྒྱ་ཁྱབ་སྤེལ་ནས་མི་རྣམས་ཀྱིས་ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་དགོས་དོན་གང་ཡིན་པ། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་རུགས་ཀྱི་འགྲོ་ལམ་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་སྐྱར་དར་མངོན་འགྱུར་ཡོང་བ་བྱེད་དོན་གང་ཡིན་པ་བཅས་ལ་གོ་བ་གཏིང་ཟབ་ལེན་ཐུབ་པ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མི་དམངས་མང་ཚོགས་བཅས་ཀྱིས་ཏང་གི་ལོ་རྒྱུས་ཤེས་རྟོགས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་སློབ་སྦྱོང་ཡག་པོ་བྱེད་པ་དང་། ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་གསར་གཏོད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་སྲུང་འཛིན་བྱས་ཏེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1