གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༡༨ཉིན།

བོད་ལྗོངས་ཀྱི་རྫོང3རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་དཔེ་མཚོན་ནང་ཚུད།


    ཉེ་ཆར། འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོ་གྲ་སྒྲིག་འགྲན་བསྡུར་ཡ་གླིང་ཁུལ་གྱི་ཨང40ཡན་རྩོད་པའི་འགྲན་སྡུར་ལས། རྒྱལ་ཁབ་རྐང་རྩེད་སྤོ་ལོ་རུ་ཁག་གིས5:0སྐར་འབྲས་ཐོག་མཱ་ཨར་ཏེ་ཧྥུ་ལས་རྣམ་པར་རྒྱལ་ཞིང་། ཨང12ཡན་རྩོད་པའི་འགྲན་སྡུར་ནང་ཞུགས་རྒྱུར་གོམ་པ་གཅིག་གིས་ཉེ་རུ་ཕྱིན། དུས་མཚུངས་སུ། རིམས་ནད་ཀྱི་རྐྱེན་པས། ལོ་གཅིག་འགྱངས་པའི2020ལོའི་ཡོབ་གླིང་བུམ་པའི་རྐང་རྩེད་སྤོ་ལོ་འགྲན་སྡུར། གཞི་ནས་མགོ་བརྩམས་ཡོད། 

    ལྷ་ས་གྲོང་ཁྱེར་གྱི་གྲོང་མིས་རྐང་རྩེད་སྤོ་ལོ་རྩེ་བའི་ཚུལ། རྩོམ་སྒྲིག་པའི་ཉེ་འགྲམ་གྱི“སྤོ་ལོ་རྩེ་མཁན”ཚོས། རྐང་རྩེད་སྤོ་ལོ་རྩེ་བ་དང་། རྐང་རྩེད་སྤོ་ལོ་གླེང་བ། སྤོ་ལོ་བརྗོད་པ་བཅས་ཀྱི་དུས་བཅད་དེ། རྩེད་མོ་འཁྲུག་ཆ་དོད་པས། ཧ་ཅང་སྐྱིད་པོ་འདུག

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཁུལ་ཚོད་ལྟའི་སློབ་ཆུང་གི་སློབ་མས་སློབ་གསེང་སྐབས་སུ་རྐང་རྩེད་སྤོ་ལོ་རྩེ་བའི་ཚུལ། བོད་ལྗོངས་སུ་ཡོང་མྱོང་བའི་གྲོགས་པོ་ཚོས་ཕལ་ཆེར་ཤེས་རྒྱུ་རེད། འདི་གར་རྐང་རྩེད་སྤོ་ལོ་རྩེ་བའི་རྣམ་པ་ཧ་ཅང་བཟང་། གཟའ་མཇུག་དང་དུས་ཆེན་སླེབས་ཐེངས་རེར། རྐང་རྩེད་སྤོ་ལོའི་རྩེད་ར་ཕལ་ཆེར་མི་ཡིས་ཁེངས་ཡོད། འོ་ན། བོད་ལྗོངས་ཀྱི་ས་གང་ཞིག་ན་རྐང་རྩེད་སྤོ་ལོ་རྩེ་བའི་རྣམ་པ་བཟང་ཤོས་ཆགས་ཡོད་དམ་ཞེ་ན།  ཉེ་ལམ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་གཞུང་ལས་ཐིང་གིས། རྒྱལ་ཡོངས་ཀྱི་རྫོང་ཁོངས་རྐང་རྩེད་སྤོ་ལོ་རྩེ་བའི་དཔེ་མཚོན་མིང་ཐོ་ཁག་དང་པོ་ཁྱབ་བསྒྲགས་བྱས་ཤིང་། རྒྱལ་ཡོངས་ཀྱི་རྫོང་ཁོངས་རྐང་རྩེད་སྤོ་ལོ་རྩེ་བའི་དཔེ་མཚོན101གཏན་འཁེལ་བྱས་འདུག 

    དེའི་ནང་། བོད་ལྗོངས་ཀྱི་རྫོང་གསུམ་མིང་ཐོ་འདིའི་ཁྲོད་ན་ཡོད།  དེ་དག་ནི། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དང་། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་། གཞིས་ཀ་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་བཅས་ཡིན།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1