གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༡༨ཉིན།

འཕུར་སྐྱོད་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ།


               ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད2021ལོའི་ཟླ6པའི་ཚེས17ཉིན་གྱི་ཆུ་ཚོད9དང་སྐར་མ22ཡི་སྟེང་། ལྷ་གྲུ་བཅུ་གཉིས་པ་རྟགས་ཅན་གྱི་མི་བཞུགས་འཕུར་གྲུ་བཏེགས་པའི་རྒྱང་སྐྱོད་ཨང་གཉིས་པFརྒྱང་རིང་སྐྱེལ་འདྲེན་བཅུ་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་དུས་ཐོག་ཏུ་འཕེན་གཏོང་བྱས་ཤིང་། ཧ་ལམ་སྐར་ཆ573ཙམ་སོང་རྗེས་སུ་ལྷ་གྲུ་བཅུ་གཉིས་པ་རྟགས་ཅན་གྱི་མི་བཞུགས་འཕུར་གྲུ་དང་མེ་ཤུགས་འཕུར་མདའ་བདེ་བླག་ངང་ཁ་གྱེས་ནས་སྔོན་བཀོད་འཁོར་ལམ་དུ་བསྐྱོད་དེ། ཉེ་ཧའེ་ཧྲེང་དང་ལིའུ་པོའོ་མིང་། ཐང་ཧུང་པོའོ་བཅས་འཇིག་རྟེན་འཕུར་སྐྱོད་པ་གསུམ་བདེ་བླག་ངང་བར་སྣང་དུ་བསྐྱལ་ཞིང་། འཕུར་སྐྱོད་ཚོགས་ཆུང་གི་གནས་ཚུལ་རྒྱུན་ལྡན་ཡིན་ལ། འཕེན་གཏོང་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ་རེད། 

               འདི་ནི་རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གཞིའི་རྣམ་གྲངས་བཙུགས་ཚུན་གྱི་འཕུར་སྐྱོད་ལས་འགན་ཐེངས19པ་དེ་ཡིན་ལ། བར་སྣང་ས་ཚིགས་དུས་མཚམས་ཀྱི་མི་བཞུགས་འཕུར་སྐྱོད་ལས་འགན་ཐོག་མ་དེའང་རེད། འཕུར་གྲུའི་འཁོར་ལམ་དུ་སླེབས་རྗེས་སྔོན་བཀོད་གོ་རིམ་ལྟར་ཐེན་ཧོ་ལྟེ་བའི་གྲུ་ཚང་བར་རང་བརྟེན་མགྱོགས་མྱུར་སྦྲེལ་མཐུད་བྱ་རྒྱུ་ཡིན་ལ། སྡེབ་སྒྲིག་ཕུང་པོ་འཕུར་སྐྱོད་བྱེད་རིང་དུ་འཇིག་རྟེན་འཕུར་སྐྱོད་པ་མཁའ་དབྱིངས་དང་ལྟེ་བའི་གྲུ་ཚང་དུ་བཅའ་སྡོད་བྱས་ནས་དུས་ཡུན་ཟླ་གསུམ་གྱི་འཁོར་ལམ་དུ་བཅའ་སྡོད་ལེགས་སྒྲུབ་དང་འཕྲུལ་ཆས་དཔུང་པ་བཀོལ་སྤྱོད། གྲུ་ཚང་ཕྱིར་སྐྱོད་པའི་བྱེད་སྒོ་སོགས་ཀྱི་ལས་དོན་སྤེལ་ནས་འཇིག་རྟེན་འཕུར་སྐྱོད་པས་དུས་ཡུན་རིང་པོའི་ནང་འཁོར་ལམ་དུ་སྡོད་རྒྱུ་དང་། བསྐྱར་སོན་འགན་ལེན་སོགས་གནད་འགག་ལག་རྩལ་རབ་དང་རིམ་པ་ར་སྤྲོད་བྱ་རྒྱུ་རེད། 
               མིག་སྔར་ཐེན་ཧོ་ལྟེ་བའི་གྲུ་ཚང་དང་གནམ་གྲུ་གཉིས་པ་རྟགས་ཅན་གྱི་སྡེབ་སྒྲིག་ཕུང་པོ་འཁོར་སྐྱོད་བྱེད་ཚད390kmཙམ་གྱི་སྦྲེལ་མཐུད་འཁོར་ལམ་དུ་ཞུགས་པ་དང་། གནས་ཚུལ་ཡག་པོ་ཡོད་པས་ལྷ་གྲུ་བཅུ་གཉིས་རྟགས་ཅན་དང་འབྲེལ་མཐུད་བྱེད་པའི་ལས་འགན་གྱི་བླང་བྱ་དང་འཇིག་རྟེན་འཕུར་སྐྱོད་པ་བཅའ་སྡོད་བྱེད་པའི་ཆ་རྐྱེན་གྱི་དགོས་མཁོ་བསྐངས་ཡོད་པ་རེད། 
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1