མོང་གོལ་རྒྱལ་ཁབ་ཏུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཁྲི་དགུ་ལས་བརྒལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 06-21


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོང་གོལ་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་དགུ་ཉིན་ཁྱབ་སྒྲོག་བྱས་དོན། འདས་པའི་དུས་ཚོད་ཉེར་བཞིའི་རིང་མོང་གོལ་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གཉིས་དང་དྲུག་བརྒྱ་སོ་ལྔ་ཇེ་མང་དུ་སོང་བ་དང་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཁྲི་དགུ་ལས་བརྒལ།
        མོལ་གོལ་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། མོང་གོལ་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་འཕར་ཚད་བསྟུད་མར་ཉིན་དགུ་ལ་ཟིན་ཐོ་གསར་བ་བསྐྲུན་རྗེས་ཚེས་བཅུ་དགུ་ཉིན་ཐོག་དང་པོར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཇེ་ཉུང་དུ་སོང་ཞིང་། མིག་སྔར་བསྡོམས་པས་ནད་པ་བཞི་བརྒྱ་དང་སོ་དགུ་རྐྱེན་ལམ་དུ་ཤོར་བ་དང་། བསྡོམས་པས་ནད་པ་ཁྲི་དྲུག་དང་སྟོང་གཉིས་བཞི་བརྒྱ་དང་དོན་གཉིས་དྲག་སྐྱེད་བྱུང་། རྒྱལ་ས་ཝུའུ་ལན་པ་ཐོ་རུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ཚབས་ཆེ་བ་དང་། བསྡོམས་པས་ངོས་བཟུང་བའི་ནད་པ་ཁྲི་བདུན་དང་སྟོང་ལྔ་བདུན་བརྒྱ་དང་ཉེར་གཅིག་ལ་སླེབས་ཤིང་། ས་ཁུལ་གཞན་དག་ཏུ་རིམས་ནད་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད། ཉིན་དེའི་བར་དུ་མོང་གོལ་རྒྱལ་ཁབ་ཏུ་མི་ས་ཡ་གཅིག་དང་འབུམ་དགུ་ཁྲི་གཅིག་ལྷག་ལ་འགོག་སྨན་བརྒྱབ་ཟིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1