༄༅། །བླ་མ་ལོ་གསར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-13



བོད་ལྗོངས་གནས་ཀྱི་དགུང་གསར་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་ཞོགས་པ་རི་རྩེར་ཉི་མ་ཤར་མཚམས་དགེ་བཤེས་ཆེ་ཕྲ་རྣམས་ཀྱིསདབུ་བཞུགས་ཞབས་སྐྱ་སེར་ཡོངས་རྫོགས།   རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་གང་འཚམས་བཅས་རྩེ་ཕོ་བྲང་དམར་པོའི་ཡང་སྟེང་དུ་ཕེབས་བཞུགས་ཀྱིས་ཚེས་གཏོར་ཞེས་འདོད་ཁམས་བདག་མོ་དཔལ་ལྡན་ལྷ་མོར་གཏོར་གསོལ་གཟབ་རྒྱས་གནང་།   དེ་ཉིན་བླ་མ་ལོ་གསར་ཞེས་གདན་ས་ཁག་གི་མཁན་པོ་དང་བླ་མ་རྣམས་མགྲོན་བོས་གནང་ཡོད་པས་ཚེར་གཏོར་གྲུབ་རྗེས་ཚོམ་ཆེན་དུ་ཆིབས་བསྒྱུར་གྱིས་མཛད་སྒོའི་སར་མཁན་བླ་རྣམས་ཀྱིས་རྗེ་རིན་པོ་ཆེ་ལ་མཎྡལ་རྟེན་གསུམ་ཕུལ་ཏེ་མཇལ་ཁ་ཞུས་ནས་གྲལ་གནས་སུ་འཁོད་པར་གཞུང་ནས་མཁན་བླ་རྣམ་པར་གསོལ་ཇ་བཞེས་འབྲས་དང་།  དཀར་སྤྲོ་སོགས་ཕུལ་བ་དང་སྦྲགས་གར་ཕྲུག་པས་གར་གྱི་གཟིགས་འབུལ་ཞུ་རྒྱུ་སོགས་མཛད་སྒོ་སྟབས་བདེ་ཞིག་གནང་སྲོལ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1