གངས་ཅན་མཐོ་སྒང་དུ་བདེ་ཐང་གི་གླུ་དབྱངས་བླངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-22



 གངས་ཅན་མཐོ་སྒང་དུ་བདེ་ཐང་གི་གླུ་དབྱངས་བླངས།

  གླུ་ཡི་མིང་།

《མའོ་ཀྲུའུ་ཞིས་སྨན་པ་བཟང་པོ་མངགས།》

 གླུ་ཚིག།

   ལག་ཏུ་མེ་ཏོག་བཟུང་། སྤྲོ་དགའི་གླུ་དབྱངས་ལེན། ཐང་ག་རྒོད་པོ་རྩྭ་ཐང་སྟེང་ལ་བབས། མའོ་ཀྲུའུ་ཞིས་སྨན་པ་བཟང་པོ་མངགས། རྒྱང་འཕུར་གྱི་རྨ་བྱ་གནས་སུ་ལོག  ཁོ་དང་གངས་ལྗོངས་ལྕམ་སྲིང་མཉམ་དུ་འཚར་ལོངས་བྱུང་། ཁོས་པེ་ཅིང་གི་བདེ་དྲོད་ང་ཚོར་སྟེར་སར་འོངས། གཙོ་འཛིན་མའོ་ཀྲུའུ་ཞིས་མངགས་པའི་སྨན་པ་བཟང་པོར་ཐུགས་རྗེ་ཆེ།

    བདུད་རྩི་རྩྭ་ཐང་དུ་གཏོར། རྩྭ་ཕྲན་མྱུ་གུ་འཁྲུངས།སྨན་སྒམ་ཆུང་ཆུང་ཕྲག་ཁུར་བྱས་ཏེ།ལ་རྒལ་ཐུར་འབབ་བྱས་ཏེ་དུད་ཚང་ཀུན་ཏུ་ཕེབས།མིག་ལོང་ཨ་མའི་སླར་ཡང་འོད་གསལ་མཐོང་། ལྐུག་པ་ཨ་རྡོས་སྐད་ཆ་ཤོད།ཁ་བཏགས་དཀར་པོ་སྨན་པ་བཟང་པོར་ཕུལ།གཙོ་འཛིན་མའོ་ཀྲུའུ་ཞིས་སྨན་པ་བཟང་པོ་མངགས་པར་ཐུགས་རྗེ་ཆེ།

   ཨ་འབྲུ་ནས་ཆང་བཀྱག  དྲི་ཞིམ་མར་ཇ་དྲངས། ལོ་སྟོང་གི་རྩྭ་ཐང་ལ་སྨན་པ་ཡོད། ང་ཚོའི་སེམས་ནང་སྤྲོ་དགའི་མེ་ཏོག་བཞད།གླུ་ལེན་བྲོ་འཁྲབ་སྨན་པར་བཀའ་དྲིན་ཞུས།བདེ་སྐྱིད་རྩྭ་ཐང་སྟེང་དུ་མེ་ཏོག་བཞད། གླུ་ལེན་བྲོ་འཁྲབ་སྨན་པར་བཀའ་དྲིན་ཞུས།སྨན་པར་བཀའ་དྲིན་ཞུས།གཙོ་འཛིན་མའོ་ཀྲུའུ་ཞིས་སྨན་པ་བཟང་པོ་མངགས་པར་ཐུགས་རྗེ་ཆེ།

  གླུ་ཚིག་བརྩམས་པའི་ལོ་རྒྱུས།

 《མའོ་ཀྲུའུ་ཞིས་སྨན་པ་བཟང་པོ་མངགས 》ཞེས་པའི་གླུ་འདི་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་པའི་དུས་སྟོད་ལ་བརྩམས་པ་རེད།གཞས་གདངས་རྩོམ་པ་པོ་ཨ་རྒྱས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན།དེའི་སྐབས་སུ་ཁུལ་མི་རིགས་གླུ་གར་ཚོགས་པས་གཞོན་ནུའི་འཁྲབ་སྟོན་ལས་བཟོ་མི་སྣ་ཚོར་གསར་རྩོམ་བྱ་རྒྱུའི་སྐུལ་སློང་བྱས་མཐར། ཨ་རྒྱས་ཀྱིས་དང་ལེན་ཧུར་ཐག་བྱས་ནས་བྲག་མགོ་རྫོང་སིབ་མོ་ཡུལ་ཤོག་ཏུ་ཕྱིན་ཏེ་ཕྱོགས་གཅིག་ནས་འཁྲབ་སྟོན་བྱས་པ་དང་། ཕྱོགས་གཅིག་ནས་འཚོ་བར་ཉམས་ཞིབ་བྱས་ནས་མ་བཅོས་དཔྱད་གཞི་འཚོལ་སྡུད་བྱས་ཡོད། གླུ་གར་ཚོགས་པའི་འཁྲབ་སྟོན་རུ་ཁག་དང་མཉམ་དུ་གཞི་རིམ་དུ་འགྲོ་མཁན་ད་དུང་སྨན་བཅོས་རུ་ཁག་ཅིག་ཡོད་པ་རེད།སྨན་བཅོས་རུ་ཁག་སླེབས་སར་ཚང་མར་སྟབས་བདེའི་གཤགས་བཅོས་ཉལ་ཁྲི་སྒྲིག་བཀོད་བྱས་ཏེ་ལིང་གྲིབ་མིག་ནད་ཕོག་ནས་ལོ་མང་པོར་མིག་ལོང་ཆགས་པའི་ནད་པར་གཤགས་བཅོས་བྱས་ཤིང་། དྲགས་པའི་ཞིང་འབྲོག་མང་ཚོགས་འདི་དག་གིས་སླར་ཡང་འོད་གསལ་མཐོང་དུས།སེམས་འགུལ་ཐེབས་པའི་ངང་མའོ་ཀྲུའུ་ཞི་ཁྲི་ལོ་བརྟན་པ་ཤོག  གུང་ཁྲན་ཏང་ཁྲི་ལོ་བརྟན་པ་ཤོག་ཅེས་བསྔགས་བརྗོད་བྱས་པ་རེད། སེམས་འགུལ་ཐེབས་པའི་ཡུལ་དངོས་འདི་དག་མཐོང་དུས་ཨ་རྒྱས་ལའང་ཚོད་འཛིན་བྱེད་ཐབས་མེད་པའི་སེམས་འགུལ་ཐེབས་པར་བརྟེན། ལྷའི་ཕོ་ཉ་འདི་དག་ལ་བསྔགས་བརྗོད་བྱས་པའི་གླུ་ཞིག་རྩོམ་རྒྱུའི་དྲན་སྐུལ་བསླངས་པ་རེད།

    ཉིན་ཞིག་ཁོང་གིས་སི་ཁྲོན་རོལ་དབྱངས་མཐུན་ཚོགས་ཀྱིས་པར་སྐྲུན་བྱས་པའི《གླུ་ཚིག་དུས་དེབ》ཅིག་རྙེད་ཅིང་།དེའི་ནང་ཐོང་ཅཱ་ཐོང་གིས་བརྩམས་པའི《མའོ་ཀྲུའུ་ཞིས་སྨན་པ་བཟང་པོ་མངགས 》ཞེས་པ་འདི་བཀོད་ཡོད་པ་རིག    དེ་མ་ཐག་ཏུ་སྨན་པ་ཚོས་སྨན་སྒམ་འཁུར་ནས་ཞིང་འབྲོག་མང་ཚོགས་ལ་ནད་ལྟ་བའི་རྣམ་པ་ཁོང་གི་མིག་ལམ་དུ་འཆར་བ་རེད། ངར་ཤུགས་སློང་བའི་སྟོབས་ཀྱིས་སྐུལ་ནས་ཁོང་གིས་ཉིན་གཉིས་རིང་ལ་འབད་བརྩོན་བྱས་ཏེ་ཕོ་མོ་སྒྲ་གདངས་གཉིས་གཏོང་གི་གཞས་གདངས་བརྩམས་གྲུབ་བྱུང་རྗེས། དེའི་སྐབས་ཀྱི་གླུ་གར་ཚོགས་པའི་མགོ་ཁྲིད་ཝང་ཀྲུང་གིས་གླུ་དབྱངས་འཁྲབ་སྟོན་པ་སྐལ་བཟང་ཆོས་འཕེལ་དང་ཀུའུ་ཧོང་ཀྲེན་རྣམ་གཉིས་ལ་འཁྲབ་ལེན་བྱས་བཅུག་ཡོད། ཡུན་རིང་མ་འགོར་བ་བོད་འབྲེལ་ས་ཁུལ་དང་དེ་བཞིན་དུ་རྒྱལ་ཡོངས་ས་གནས་ཀུན་ཏུ་སྙན་གྲགས་ཆོད་པ་རེད། །

གངས་ཅན་མཐོ་སྒང་དུ་བདེ་ཐང་གི་གླུ་དབྱངས་བླངས།

   རྩོམ་པ་པོ་དང་གླུ་འདི་ཐོག་མར་ལེན་མཁན་གྱི་ལོ་རྒྱུས།

  《མའོ་ཀྲུའུ་ཞིས་སྨན་པ་བཟང་པོ་མངགས 》ཞེས་པ་ནི་ཐོང་ཅཱ་ཐོང་གིས་གླུ་ཚིག་བརྩམས། ཨ་རྒྱས་ཀྱིས་གཞས་གདངས་བརྩམས་པའི་གླུ་གཞས་ཤིག་རེད། གླུ་གཞས་འདི་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་པའི་དུས་སྟོད་ལ་བརྩམས་ཤིང་། གླུ་འདི་ཆེས་ཐོག་མར་ལེན་མཁན་ནི་སྐལ་བཟང་ཆོས་འཕེལ་དང་ཀུའུ་ཧོང་ཀྲེན་ཡིན་པ་རེད།

    ཐོང་ཅཱ་ཐོང་ནི་ཅང་སུའུ་དབྱང་ཀྲུའོ་ཡི་མི་ཡིན་ཞིང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པ་རེད། སྙན་ངག་གཅེས་བསྡུས《མཐའ་མཚམས་ཀྱི་རི་ཟླ 》《ཕྱི་བལྟས 》ལ་སོགས་པའི་བརྩམས་ཆོས་མང་པོ་ཡོད་པ་རེད། གླུ་ཚིག《བརྗེད་མི་རུང 》ཞེས་པརཨ1964ལོར་དམངས་ཡོངས་ཀྱི་སྒྱུ་རྩལ་བསྡུས་འཁྲབ་ནང་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།

   ཨ་རྒྱས་ནི་སི་ཁྲོན་ཕྱག་ཕྲེང་གི་མི་ཡིན་ཞིང་།བོད་རིགས་ཀྱི་གཞས་གདངས་རྩོམ་པ་པོ་རེད། དཀར་མཛེས་ཁུལ་གླུ་གར་ཚོགས་པའི་སྒྱུ་རྩལ་ཁྲིད་སྟོན་པ།རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཞས་གདངས་རྩོམ་པ་པོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྱི་ཁ་གསབ་དངུལ་ལོངས་སུ་སྤྱོད་མཁན་གྱི་ཆེད་རམས་པ་ཡིན་པ་རེད། དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་པ་ནས་བཟུང་ཨ་རྒྱས་ཀྱིས་བརྩམས་པའི་རོལ་དབྱངས་བརྩམས་ཆོས་བརྒྱ་ལ་ཉེ་བའི་ནང་ཞིང་ཆེན་རིམ་པ་ཡན་ཆད་ཀྱི་བྱ་དགའ30ལྷག་རག་ཡོད། 《ཨ་མ་གཅིག་གི་བུ་མོ》ཞེས་པར1996ལོར་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་སྐབས་ལྔ་པའི་ཐོག“གཅིག་ཅན་ལྔའི་ལས་གྲྭའི”བདམས་འཇུག་བྱ་དགའ་རག་ཡོད། 1999ལོར་རྒྱལ་ཡོངས་སྐབས་གསུམ་པའི་རྒྱལ་ཡོངས་ཕུལ་བྱུང་བརྙན་འཕྲིན་ལེ་ཚན་དཔྱད་བསྡུར་གྱི་གསེར་གྱི་བྱ་དགའ་ཐོབ་པ་རེད།

    སྐལ་བཟང་ཆོས་འཕེལ་དང་ཀུའུ་ཧོར་ཀྲེན་རྣམ་གཉིས་ནི་དཀར་མཛེས་ཁུལ་གླུ་གར་ཁང་གི་གླུ་དབྱངས་འཁྲབ་སྟོན་པ་ཡིན་ཞིང་། ཁོང་རྣམ་གཉིས་ཀྱིས་ཁྱད་ཆོས་ཕུན་སུམ་ཚོགས་པོ་ཡོད་པའི་གླུ་གཞས་འབོར་ཆེན་བླངས་ནས་སྙན་འཇེབས་ཀྱི་གླུ་དབྱངས་གངས་ཅན་མཐོ་སྒང་དུ་ཁྱབ་པར་བྱས་མཐར། དཀར་མཛེས་ཁུལ་གྱི་རིག་གནས་འཛུགས་སྐྱོང་ལ་མཛད་རྗེས་ཆེན་པོ་བཞག་ཡོད་པ་རེད། །

ཀ། མཐོ་སྒང་དུ་ནད་ཡམས་ལས་ཐར་ནས་སྤྲོ་བ་འཕེལ།

   《བདུན་ཚིག་མའི་སྙན་ངག་ནད་ཡམས་ཐར》ཞེས་པ་ནི་མའོ་ཀྲུའུ་ཞིས1958ལོའི་སྤྱི་ཟླ7པའི་ཚེས1ཉིན་ཅང་ཞི་ཞིང་ཆེན་ཡུས་ཅང་རྫོང་གིས་ཁྲག་འཇིབ་འབུ་ཕྲའི་ནད་རྩ་མེད་བཏང་བའི་གནས་ཚུལ་ཤེས་རྗེས།མཚན་མོར་གཉིད་ལ་མི་ཁུག་པར་བསམ་བློ་ཡང་ཡང་བཏང་ནས་བྲིས་པའི་སྙན་ངག་ཅིག་ལགས།

   ནད་ཡམས་ལས་ཐར་བའི་ཐད་ལ་ཡུས་ཅང་རྫོང་དང་དཀར་མཛེས་ཁུལ་མི་དམངས་ལ་གཅིག་མཚུངས་གི་མྱོང་ཚོར་ཞིག་ཡོད།

   སྤྱི་ཟླ་ལྔ་པ་ནི་དབྱར་མགོ་ཚུགས་པའི་དུས་ཡིན་མོད། སེར་ཤུལ་མཐོ་སྒང་དུ་ད་དུང་སྔར་བཞིན་གྲང་ངར་གྱི་ཁྲོད་དུ་གནས་ཡོད་ཅིང་།སྤྱི་ཟླ5པའི་ཚེས28ཉིན་སེར་ཤུལ་རྫོང་ཤར་རྫ་གྲོང་རྡལ་གྲོང་སྡེ་གཉིས་པའི་གྲོང་མི་ཉི་མ་ལྷ་མོས་གླུ་དབྱངས་ལེན་ཞོར་སྤྲོ་དགའ་ཁེངས་པའི་ངང་འཐུང་ཆུ་ལེན་བཞིན་འདུག

   སུས་ཀྱང་ཡིད་ལ་དྲན་མ་མྱོང་བར་ད་སྐབས་གནམ་ལྡིང་ས་ལྡིང་བྱེད་བཞིན་པའི་ཉི་མ་ལྷ་མོར་ལོ་ལྔའི་སྔོན་དུ་ཐུམ་འབུའི་ནད་ཕོག་ནས་ངོ་གདོང་སྐྱོ་བས་ཁེངས་མྱོང་།

   བོད་འབྲེལ་ས་ཁུལ་དུ་འབུ་རིགས་གཉིས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་ལས་སྐལ་ལ་དབང་དུ་བསྒྱུར་བ་རེད་ཟེང་ནའང་ཆོག་གི་རེད། གཅིག་ནི་དབྱར་རྩྭ་དགུན་འབུ་དང་གཞན་ཞིག་ནི་ཐུམ་འབུའི་ནད་ཡིན་ཞིང་། དབྱར་རྩྭ་དགུན་འབུ་ནི་བོད་རིགས་མི་དམངས་ཀྱི་དཔལ་འབྱོར་གྱི་འབྱུང་ཁུངས་གལ་ཆེ་ཤོས་ཤིག་ཡིན་པ་དང་།ཐུམ་འབུ་ཞེས་པ་ནི་འདི་འདྲ་ཞིག་མིན་པ་དེ་ལས་ལྡོག་སྟེ་མི་དང་སྒོ་ཕྱུགས་ལ་ཕོག་པའི་སྲིན་འབུའི་ནད་རིགས་ཤིག་ཡིན།ནད་དེས་མང་ཚོགས་ཀྱི་གཟུགས་པོའི་བདེ་ཐང་ལ་གནོད་འཚེ་བཟོ་བར་མ་ཟད།ཐ་ན་ཚེ་སྲོག་ལའང་ཉེན་ཁ་བཟོ་གི་ཡོད། 2012ལོར་ནད་ཡམས་རིག་པའི་དཔེ་འཐེན་བརྟག་དཔྱད་བྱས་པར་གཞིགས་ན།ཁུལ་ཡོངས་མང་ཚོགས་ལ་ནད་ཕོག་ཚད་བརྒྱ་ཆ1.72ལ་ཟིན་པར་བརྟེན།མི་འབོར་ཁྲི80.5ལ་འཇིགས་སྣང་སློང་དུ་བཅུག   སེར་ཤུལ་རྫོང་དུ་ལྷག་པར་དུ་ཚབས་ཆེ་བས་རྫོང་ཡོངས་སུ་ཐུམ་འབུའི་ནད་ཕོག་ཚད་སྐབས་ཤིག་ལ་ཧ་ལམ་བརྒྱ་ཆ15ལ་ཟིན་ཞིང་། ས་གནས་དེ་གའི་ནད་པའི་མི་གྲངས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཕོག་མཁན་གྱི་བསྡོམས་འབོར་ལས་བརྒྱ་ཆ45ཡན་ཆད་བཟུང་ཡོད།

    2015ལོའི་སྤྱི་ཟླ11པར་སེར་ཤུལ་རྫོང་གིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ནས་ཐུམ་འབུའི་ནད་མེད་པ་བཟོ་རྒྱུའི་ལས་དོན་སྤེལ་ཡོད། ལོ་དྲུག་རིང་ལ་རྫོང་དེས་ཐུམ་འབུའི་ནད་པར་སྨན་བཅོས་ཧུར་ཐག་བྱས་པ་དང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་བཏོན་པ།ནད་པར་ནུས་ལྡན་སྨན་བཅོས་ཐུབ་པ།ཐུམ་འབུའི་ནད་སྔོན་འགོག་དང་།ཚོད་འཛིན།བཅོས་སྒྲིག་བཅས་བྱས་ནས་ནད་ཡམས་འགོག་པའི་ལས་དོན་སྤེལ་བར་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། 2020ལོའི་སྤྱི་ཟླ8པའི་ཚེས21ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟའི་འཇུག་མཐའི་དཔྱད་དཔོག་ཞིབ་བཤེར་རྩིས་ལེན་གྱི་གནས་ཚུལ་ཕྱི་སྒྲོག་གི་ཚོགས་འདུའི་ཐོག་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནད་ཡམས་ཚོད་འཛིན་ཅུས་ཀྱི་སྐོར་གཟིགས་པ་ཧོ་ཆིང་ཧྭ་ཡིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟའི་ལས་དོན་དེ་རྒྱལ་ཁབ་ཀྱི་མཇུག་མཐའི་དཔྱད་དཔོག་སྐོར་བདེ་བླག་ངང་ཚད་ལོན་བྱུང་ཡོད་ཅེས་ཁྱབ་བསྒྲགས་བྱས།

   ཉི་མ་ལྷ་མོས་ཐུམ་འབུའི་ནད་སྨན་བཅོས་ཡག་པོ་མ་ཐུབ་གོང་།ཆུ་ལེན་རྒྱུ་ཕར་བཞག   ཐ་ན་འགྲོ་བའི་སྐབས་སུ་གོམ་པ་གང་རེར་དབུགས་འབྱིན་ཐེངས་གསུམ་བྱ་དགོས་ཀྱི་ཡོད།ད་ཆ་ནད་གཞི་དྲགས་སྐྱེད་བྱུང་རྗེས་ཁྱིམ་ལས་དང་ཞིང་ལས་བྱེད་ཐུབ་ཀྱི་ཡོད་ཅེས་བཤད།

   ཉི་མ་ལྷ་མོ་དང་འདྲ་བའི་ཐུམ་འབུའི་ནད་ལས་ཐར་བའི་མི་སྟོང་ཕྲག་མང་པོ་ཡོད། 2015ལོ་ནས་བཟུང་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་སྤེལ་མགོ་ཚུགས་པ་ནས་བཟུང་།ཁུལ་ཡོངས་ཀྱིBསྒྲ་རླབས་འཕྲུལ་ཆས་མི་ཚོགས་ཀྱིས་གསེད་འདེམས་ནད་བརྟག་བྱས་པའི་མི་ཁྲི103.1ལ་ཟིན་པ་དང་དམིགས་ཡུལ་མི་ཚོགས་ལ་གསེད་འདེམས་ཁྱབ་ཚད་བརྒྱ་ཆ11.63ལ་ཟིན་ཡོད། ཁུལ་མི་དམངས་སྨན་ཁང་གིས་ཐོག་མར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་རིམ་པའི་སྨན་ཁང་དུ་རང་གི་མཆིན་པ་སྤོ་འཛུགས་ཀྱི་གཤགས་བཅོས་བྱས། རང་ལུས་ལ་མཆིན་པ་སྤོ་འཛུགས་ཀྱི་ནད་དཔེ25ཐོན་པ་དེས་དུས་མཇུག་ཏུ་ཐུམ་འབུའི་ནད་ཕོག་མཁན་གྱི་ཚེ་སྲོག་ནར་འགྱངས་ཐུབ་ནས་སྤུས་ཚད་མཐོ་རུ་ཕྱིན་ཞིང་།མི2299ལ་ཕྱི་བཅོས་གཤགས་བཅོས་བྱས་པ་དང་།ནད་པ9184ལ་རིན་པ་མི་དགོས་པར་སྨན་བཅོས་བྱས་ཡོད།བདེ་ཐང་སློབ་གསོ་དེ་རིགས་ཁག་གི་མི་ཚོགས་མིའི་ཐེངས་གྲངས་ཁྲི343ལ་ཁྱབ་པ།ཁུལ་ཡོངས་སུ་ཐུམ་འབུའི་ནད་འགོག་བཅོས་ཁྱོན་ཡོངས་ནས་ཤེས་རྟོགས་ཐུབ་ཚད་བརྒྱ་ཆ95.31ལ་ཟིན་པ།མི་ཚོགས་ལ་ནད་ཕོག་ཚད2012ལོའི་བརྒྱ་ཆ1.72ནས་ད་ཆའི་བརྒྱ་ཆ0.87གྱི་ཐོག་མར་ཆག་ཡོད། ལོ6ནས12བར་གྱི་བྱིས་པ་ནད་པ་གསར་པར་ནད་བརྟག་ཐུབ་ཚད2014ལོའི་བརྒྱ་ཆ0.13ནས་ད་ཆའི་བརྒྱ་ཆ0.002ཀྱི་ཐོག་མར་ཆག་པ་དང་།ཁྱིའི་འགོས་ཚད2014ལོའི་བརྒྱ་ཆ2.76ནས་ད་ཆའི་བརྒྱ་ཆ0.6གི་མར་ཆག་ནས“གཅིག་འཕར་གསུམ་ཆག”གི་རྣམ་པ་བཟང་པོ་ཆགས་ནས་ཁུལ་ཡོངས་ཀྱི་ཐུམ་འབུའི་ནད་རྩ་བའི་ཆ་ནས་ཚོད་འཛིན་ཐུབ་ཡོད།

    ཐུམ་འབུའི་ནད་སྨན་བཅོས་བྱེད་པ་ཁོ་ནའི་ཐོག་ནས་རྒྱལ་ཁ་ཐོབ་པ་ཙམ་མིན་པར།ཁུལ་བཙུགས་ནས་ལོ71སོང་རིང་།རང་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ཆུང་བ་ནས་ཆེ་བའི་བར་དང་།ཉམས་ཞན་ནས་སྟོབས་ཆེར་ཕྱིན་པ།སྨན་བཅོས་ཞབས་ཞུའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་པ།མི་དམངས་མང་ཚོགས་ཀྱི་བདེ་ཐང་འགན་ལེན་བརྟན་པོ་བྱུང་བ།ཁུལ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད2020ལོའི་ལོ་མཇུག་བར(ལོ74.9)འཕར་རེ་བྱེད་ཀྱི་ཡོད། ཕྲུ་གུ་དམར་འབྱར་ཤི་ཚད(བརྒྱ་ཆ4.82)དང་།ལོ5མན་གྱི་བྱིས་པའི་ཤི་ཚད(བརྒྱ་ཆ6.37)ཆག་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་བ་དང་། སྦྲུམ་མ་ཤི་ཚད་མངོན་གསལ་དོད་པོས་ཆག་པ་དང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ཐོབ་ཚོར་དང་བདེ་སྐྱིད་སྟོན་གྲངས་ཆེས་ཆེར་འཕར་ཡོད་པ་རེད།

ཁ།  "སྒྲོན་ཁྱེར་ལྷ་མོས"ཁམས་བདེའི་ལམ་བུར་འོད་སྣང་བྱིན།

   "སྒྲོན་ཁྱེར་ལྷ་མོ"ནི་མི་རྣམས་ཀྱིས་ནད་གཡོག་བྱ་གཞག་གསར་གཏོད་བྱེད་མཁན་ཕུའུ་ལུའོ་ལུན་ས་ནན་ཏིང་ཀེར་ཨར་ལ་ཞེ་ས་ཡིན་ཞིང་། དཀར་མཛེས་ཁུལ་དུའང"སྒྲོན་ཁྱེར་ལྷ"ཞེས་པའི་ཞེ་ཚིག་འབུལ་ས་ཞིག་ཡོད་།དེ་ནི་པ་སངས་དོན་གྲུབ་རེད།

    1973ལོར་པ་སངས་དོན་གྲུབ་ལས་ཀར་ཞུགས་ནས2012ལོར་ལས་འཁྱུར་ངལ་གསོ་བྱས་པ་རེད།ལས་ལ་ཞུགས་ནས་ལོ39སོང་རིང་པ་སངས་དོན་གྲུབ་ལ་བརྗེད་མི་སྲིད་པའི་དྲན་ཤེས་མང་པོ་བཞག་ཡོད་པ་སྟེ། དུས་རབས20པའི་ལོ་རབས70པའི་སྐབས་སུ་བྲག་མགོ་རྫོང་ལ་རིམ་པ7.9ཡི་ས་ཡོམ་གྱི་ཉེན་སེལ་གེགས་སེལ་བྱེད་རིང་ཁོང་གིས་གློག་ཆད་དེ་སྨན་བཅོས་སྒྲིག་ཆས་ཐབས་ཆག་ཏུ་གྱུར་པའི་གནས་ཚུལ་འོག  གུར་ནང་དུ་སྨན་པར་སྨན་བཅོས་བྱེད་རོགས་བྱས་ཡོད། སེར་ཤུལ་རྫོང་གི་གངས་སྐྱོན་ཆེན་པོའི་ཁྲོད་ཁོང་ནི་ཐག་རིང་ལུང་ཁུག་གི་གེགས་ཁུལ་དུ་བསྐྱོད་དེ་བཀྲེས་ལྟོགས་དང་གྲང་ངར་གྱི་གནོད་འཚེ་ཕོག་པའི་མང་ཚོགས་སྐྱོབ་བཅོས་བྱས་པ་དང་རོགས་སྐྱོབ་རུ་ཁག་གཞན་དག་གི་མི་སྣ་དང་མཉམ་དུ་གནོད་འཚེ་ཐེབས་པའི་མང་ཚོགས་བརྒྱ་ཕྲག་ཁ་ཤས་ཀྱི་ཚེ་སྲོག་བསྐྱབས་ཡོད། ཁོང་གིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པར་བརྟེན། 2003ལོའི་སྤྱི་ཟླ8པར་རྒྱལ་སྤྱིའི་སྐབས39པའི་ནན་ཏིང་ཀེ་ཨར་གྱི་གཟེངས་རྟགས་ཐོབ་པ་དང་། དེའི་སྐབས་ཀྱི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཁོ་ལ་ཐུག་ཕྲད་གནང་བར་མ་ཟད། ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡི་ཕྱག་ནས་རྒྱལ་སྤྱིའི་ནད་གཡོག་ལས་རིགས་ཀྱི་ཆེས་མཐོའི་བྱ་དགའ་ཏིང་ཀེ་ཨྭའི་བྱ་དགའ་བླངས་པ་རེད། ཁོང་ནི་ཀྲུང་གོའི་ནད་གཡོག་སྨན་པའི་ནང་བྱ་དགའ་འདི་ཐོབ་མཁན་གྱི་སྐྱེས་པ་ཉག་གཅིག་ཡིན་པ་དང་ཆབས་ཅིག གཟེངས་རྟགས་འདི་རིགས་ཐོབ་མཁན་གྱི་བོད་རིགས་ཀྱི་སྨན་གཡོག་གི་སྐྱེས་པ་ཉག་གཅིག་ཡིན་པ་རེད།

     མོ་ཁོང་ནི་སྨན་པའི་སྤྱོད་པའི་ཡ་རབས་ཚུལ་དང་ལྡན་པ།དུས་དང་རྣམ་པ་ཀུན་ཏུ་ནད་པར་སེམས་ཁྲལ་བྱེད་མཁན་གྱི་གཞི་རིམ་གྱི་སྨན་པ་བཟང་པོ་ཞིག་ཡིན་མོད། འོན་ཀྱང་འབྲས་སྐྲན་གྱིས་མནར་གཅོད་མྱོང་བཞིན་པའི་ནད་གཞི་ལྗིད་མོ་ཕོག་མཁན་ཞིག་ཡིན་ཞིང་།  མོ་ཁོང་གིས་ཕྱོགས་གཅིག་ནས་སྐྲན་ནད་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་གཞི་རིམ་གྱི་ཆེས་སྤྱིར་བཏང་གི་ལས་གནས་བརྟན་སྲུང་བྱེད་ཀྱི་ཡོད་པ་རེད། ཐན་ཞའོ་ཆིན་ནི་བྲག་མགོ་རྫོང་སིབ་མོ་ཡུལ་ཤོག་ལྟེ་གནས་འཕྲོད་བསྟེན་ཁང་གི་སྨན་པ་ཞིག་ཡིན། མོ་ཁོང་གི་གཞི་རིམ་གྱི་ལས་གནས་ཐོག་རང་ཉིད་ཀྱིས་སྦྱངས་པའི་རྩལ་ནུས་བེད་སྤྱོད་གང་ལེགས་བྱས་ནས་ལག་ལེན་རྒྱུན་ཆད་མེད་པར་སྦྱོང་བརྡར་ཐེབས་པ་དང་ལེགས་སུ་བཏང་བར་བརྒྱུད་སྨན་དོན་གྱི་རྩལ་ནུས་ཉིན་རེ་བཞིན་བྱང་ཆུབ་པར་གྱུར་ཡོད། དང་ཐོག་མི་སེར་ཚོའི་མིག་ལམ་དུ་བློས་མི་འཁེལ་བའི་སྨན་པ་ནས་བློ་བདེའི་སྨན་པ་བཟང་པོར་གྱུར་པའི་བར་མོ་ཁོང་གིས་བཅོས་དཀའ་བའི་ནད་པ་མང་པོར་སྨན་བཏང་ནས་དྲགས་བཅུག་པས། དེ་སྔོན་རྗེས་སུ“རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་འཛིན་མཁན”དང“རྒྱལ་ཡོངས་ཀྱི་ཡུལ་སྡེའི་སྨན་པ་ཡག་པོ”“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    2010ལོའི་སྤྱི་ཟླ9པར་ལོ་ན27ལ་སོན་པའི་ཐན་ཞའོ་ཆིན་ལ་གློ་སྐྲན་ཕོག་ཡོད་པ་གཏན་འཁེལ་བྱས། གློ་སྐྲན་ལ་བརྟག་དཔྱད་བྱས་རྗེས། ཐན་ཞའོ་ཆིན་གྱིས་རང་གིས་དགའ་བའི་ལས་རིགས་དང་ཁ་བྲལ་མེད་པ། མ་ལག་གི་སྨན་བཅོས་བྱས་ནས་ནད་རྟགས་ཅུང་གཏན་འཇགས་སུ་གྱུར་རྗེས། མ་སྐུལ་དང་བླངས་ཀྱིས་འཕྲོད་བསྟེན་ཁང་དུ་སོང་ནས་བྱ་བ་བསྒྲུབས་པ་རེད། ང་ཚོའི་བློ་བདེའི་སྨན་པ་ཡག་པོ་ཕྱིར་ལོག་འདུག་ཅེས་གཞིས་མི་ཚོས་ཕན་ཚུན་སྒྲོག་རེས་བྱས་མཐར།  གཞིས་མི་ཚོ་ཉིན་ལྟར་འཕྲོད་བསྟེན་ཁང་དུ་ཁོང་འཚོལ་དུ་ཡོང་མཁན་རྒྱུན་མི་ཆད་པས་མ་ཚད།  ལས་ཀ་གྲོལ་བ། ཡང་ན་དུས་ཆེན་དང་གུང་གསེང་གི་སྐབས་སུའང་ཁྱིམ་དུ་ནད་ལྟ་སར་ཡོང་གི་ཡོད་པ་རེད། ད་ལྟ་མོ་ཁོང་ཁྱིམ་ནས་སྤྱི་ལེ3ཙམ་རྒྱང་བའི་འཕྲོད་བསྟེན་ཁང་བར་ཉིན་ལྟར་རྐང་ཐང་དུ་ཕྱིན་ནས་ལས་ཀ་སྒྲུབ་བཞིན་ཡོད། མོས་སྨན་བཅོས་བྱས་པའི་ནད་པ་རྣམས་ཀྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་སྨན་པ་ཐན་ལགས་ཀྱི་སེམས་ལ་ང་ཚོ་དྲན་གྱིན་ཡོད་རེད། ཡིན་ནའང་རང་ཉིད་ནི་སེམས་ཁུར་དང་ལྟ་རྟོག་བྱེད་དགོས་ཤོས་ཀྱི་ནད་པ་ལྗིད་མོ་ཞིག་ཡིན་པ་བརྗེད་འདུག་ཅེས་བཤད།

    གློ་བུར་དུ་བྱུང་བའི་ཏོག་དབྱིབས་ནད་དུག་གློ་ཚད་རིམས་ནད་ཀྱིས་མདུན་སྐྱོད་ཀྱི་གོམ་སྟབས་བཀག་ནས་རྒྱུན་གཏན་གྱི་འཚོ་བ་མི་གཏན་པ་བཟོ། རིམས་ནད་ཀྱི་གནས་ཚུལ་ཛ་དྲག་ཆེ་ཞིང་ལྭ་བ་དཀར་པོའི་འཐབ་འཛིང་པའི་སྨན་པ་ཚོས་སྤོབས་པ་མ་ཉམས་ནས་ལོག་ཏུ་སོང་བ་རེད།  རིམས་ནད་ཀྱི་གནས་ཚུལ་ལ་དམིགས་ཏེ་ཁུལ་ཡོངས་ཀྱི་སྨན་དོན་མི་སྣ་ཚང་མས་འཚང་ཁ་ཤིག་ཤིག་ངང་དམག་རྒྱག་རྒྱུའི་འབོད་སྐུལ་བྱེད་ཀྱི་ཡོད། ཁོང་ཚོ་ཚང་མས་དེ་ནི་ཉེན་ཁ་ཆེ་བའི་ལས་སྒོ་ཞིག་ཡིན་པ་ཤེས་ཀྱི་ཡོད་མོད། འོན་ཀྱང་ཁོང་ཚོས་ད་དུང་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་ངང་རིམས་ནད་ཀྱི་བྱ་སྤྱོད་ཅིག་བདམས་། དེ་ནི་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྨན་དོན་པའི་བྱམས་སེམས་དང་བླ་ན་མེད་པའི་བརྩེ་སེམས་ཆེན་པོ་སླར་ཡང་མཚོན་ཐུབ་པ་རེད།

     རིམས་ནད་འགོག་བཅོས་ཚོད་འཛིན་དང་སྨན་བཅོས་སྲོག་སྐྱོབ་བྱེད་དུས་སྨན་ཁང་ནི་གཡུལ་ས་དང་ནད་ཁང་ནི་གཡུལ་ས་རེད། སྨན་བཅོས་འཕྲོད་བསྟེན་གྱི་ལས་གྲྭ་དང་པོར་རིམས་ནད་འགོག་བཅོས་བྱེད་པའི་མདུན་གྲལ་དུ་གནས་པ་དང་། སྨན་བཅོས་ལས་དོན་སྒྲུབ་མཁན་ནི་རིམས་ནད་འགོག་བཅོས་བྱེད་མཁན་གྱི་གཙོ་ཤུགས་དམག་དཔུང་ཡིན། རྟའུ་རྫོང་མི་དམངས་སྨན་ཁང་གི་སྨན་གཡོག་ཀུན་དགའ་ལྷ་མོ་ནི་རྟའུ་རིམས་ནད་འགོག་བཅོས་སྔོན་སྐྱོད་བྱེད་མཁན་དཔུང་སྡེའི་ཁོངས་མི་ཞིག་རེད། བརྗེད་པར་དཀའ་བའི་རིམས་ནད་འགོག་པའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་ཀུན་དགའ་ལྷ་མོས་མིག་ཆུ་གཏོང་བཞིན་དུ་དེའི་དུས་ཉེན་ཁ་ཡོད་པ་གསལ་པོ་ཤེས་ཀྱི་ཡོད་མོད། འོན་ཀྱང་ཚང་མས་དཔའ་ངར་ཆེན་པོས་ལྡོག་སྐྱོད་བྱེད་ཀྱི་ཡོད། གང་ལགས་ཤེ་ན། འགན་འཁྲི་ཡོད་པས་རེད་ཅེས་བཤད།

    གནམ་ནས་ལྷུང་བའི་དཔའ་བོ་ག་ལ་ཡོད། ། རང་སྲོག་བློས་གཏོང་བྱེད་མཁན་ཕལ་མ་ཡོད།། ཅེས་པ་ལྟར“སྤྱི་ཟླ11པའི་ཚེས22ཉིན”དར་མདོའི་ས་ཡོམ་དང“སྤྱི་ཟླ11པའི་ཚེས3ཉིན”འབྲི་ཆུའི་དཔལ་དགེའི་མཚེའུ་འཁྱིལ་པ་སོགས་རང་བྱུང་གནོད་འཚེ་ཆེན་པོ་ཁྲོད་སྨད་གཡོག་པ་ཚོ་ལས་གྲྭ་དང་པོར་བསྐྱོད་དེ་ལས་འགན་གཟེངས་སུ་ཐོན་པའི་ལེགས་གྲུབ་བྱས་ཡོད། ཏོག་གསར་རིམས་ནད་གནས་ཚུལ་ཆེན་པོའི་མདུན་དུ་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་འགན་འཁྲི་འཁུར་ཕོད་པ་དང་། ཉེན་ཁར་ཐུག་ཀྱང་མི་སྐྲག་པ། རྒྱུན་གཏན་ལས་བརྒལ་བ་བཅས་བྱས་ནས་བྱ་ཐབས་ནན་པོ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁུལ་ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་དམིགས་འཛུགས་སྨན་བཅོས་ལས་ཁུངས་དང་ཚ་རྒྱས་སྒོ་བསྟེན་སྨན་ཁང་དེ་མ་ཐག་ཏུ་བཙུགས་པས་མ་ཚད་ཁྱབ་བསྒྲགས་བྱས་པ་རེད། ཆེད་སྤྱོད་ནད་ཁང་དང་ཉལ་ཁྲི་གྲབས་གསོག་བྱས་ནས་ཁུལ་དང་། རྫོང་། ཡུལ་ཤོག་བཅས་རིམ་པ་གསུམ་རྗེས་གྲབས་སྨན་ཁང54    རྗེས་གྲབས་ཉལ་ཁྲི753གྲབས་གསོག་བྱས་ཏེ“ཉལ་ཁྲི་སོགས་མི་དགོས་ཀྱང་སྒུག་མི་རུང་བ”བྱས་ཏེ་སྐྱོབ་བཅོས་ཀྱི་དགོས་མཁོ་འགན་ལེན་བྱས་པ་རེད།

    པ་སངས་དོན་གྲུབ་དང་། ཐན་ཞའོ་དབྱངས། ཀུན་དགའ་ལྷ་མོ་ལ་སོགས་པ་ལྟ་བུའི་སྨན་པ་བཟང་པོ་ཁྲི་སྟོང་མང་པོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ངེས་པར་དུ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ཆེད་འགོག་སྲུང་གྱང་དང་འགན་སྲུང་དྲ་བ་བཟོས་པ་རེད།

    འགྲོ་བ་མིའི་བདེ་ཐང་ནི་སྤྱི་ཚོགས་དཔལ་ཡོན་ཡར་ཐོན་ཡོང་བའི་རྨང་གཞི་ཡིན་པ་དང་། མི་དམངས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཡོང་བའི་རྩ་བ་ཡིན། ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་འཆི་མེད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྨན་བཅོས་འཕྲོད་བསྟེན་ནི་དམངས་འཚོ་ཆེ་ཤོས་ཡིན་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔར་ནས་བཟུང་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བླ་ན་མེད་པ་བྱས་ཤིང་། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ།《སྨན་བཅོས་འཕྲོད་བསྟེན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་བ་རེད། ཁུལ་དང་། རྫོང་། ཡུལ་ཤོག གྲོང་སྡེ་བཅས་རིམ་པ་བཞིའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཚད་ལྡན་ཅན་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་བར་བརྒྱུད། རྫོང(གྲོང་ཁྱེར)ཁག18ལ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་གསར་གཏོད་སོགས་ཀྱི་ཚད་གཞིའི་ལས་དོན་ལེགས་སུ་གྲུབ་པ་དང་། ཡུལ་སྡེའི་འཕྲོད་བསྟེན་ཁང325དང་ཚད་ལྡན་ཅན་གྱི་གྲོང་སྡེ་དབུལ་པོའི་འཕྲོད་བསྟེན་ཁང1360འཛུགས་སྐྲུན་བྱས་ཡོད་པ་རེད།

   “སྨན་བཅོས་སྤུས་ཚད་མཐོ་རུ་གཏོང་བའི་རྩ་བ་ནི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་ཐུག་ཡོད། ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་མཁྲེགས་ཆས་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་ལས་མཚོན་གྱི་ཡོད་ལ་སྨན་དོན་མི་སྣའི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཡང་མཚོན་གྱི་ཡོད། འཆི་མེད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལྟ་ཁུལ་ཡོངས་སུ་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ6662ཡོད་པའི་ནང་། ལས་གཉེར(ལས་རོགས)སྨན་པ2218དང་། ཐོ་འགོད་བྱས་པའི་སྨན་གཡོག2349ཡོད། མི་ཆིག་སྟོང་རེར་ལས་གཉེར(ལས་རོགས)གྱི་སྨན་པ་དེ2015ལོའི་མི1.27ནས2020ལོའི་མི1.81བར་མང་དུ་ཕྱིན་ཡོད། ཐོ་འགོད་བྱས་པའི་སྨན་གཡོག2015ལོའི་མི1.08ནས2020ལོའི་མི1.91བར་མང་དུ་ཕྱིན་ཡོད་པ་རེད།།         


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1