སྡེ་དགེ་པར་ཁང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-23


    སྡེ་དགེ་པར་ཁང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་དུ་ཡོད་ཅིང་། སྤྱི་ལོ་སྔོན་གྱི་དུས་རབས་18པའི་དུས་འགོར་བཞེངས་པ་དང་། “གངས་ལྗོངས་བོད་ཀྱི་རིག་གནས་གཏེར་མཛོད”ཅེས་སུ་གྲགས། 



        ད་ལྟའི་བར་དུ་པར་ཁང་ནང་ལ་གློག་འཐེན་མེད། རྒྱ་མཐོངས་ཀྱི་འོད་ལ་བརྟེན་ནས་དཔར་མཁན་དག་གིས་པར་འདེབས་བཞིན་ཡོད། མི་གཉིས་ཁ་གཏད་དུ་གཅིག་ཅུང་མཐོ་ས་དང་ཅིག་ཤོས་དམའ་སར་སྡོད་པ་དང་། ཁོང་གཉིས་ཀའི་བར་ལ་པར་ཤིང་བཞག་ཡོད། མཐོ་སར་སྡོད་མཁན་གྱིས་ཤོག་བུ་པར་ཤིང་གི་ངོར་ཡག་པོར་སྦྱོར་བ་དང་པར་ཤིང་ངོར་སྣག་ཚ་བྱུགས་རྒྱུའི་འགན་འཁུར་ཡོད། མི་གཞན་པ་དེས་ཕྱོགས་གཅིག་ནས་ཤོག་བུ་སྟེར་བ་དང་ཅིག་ཤོས་ནས་འགྲིལ་བུ་ཡར་མར་འགྲིལ་ནས་པར་འདེབས་པ་རེད། མི་གཉིས་ཀས་ཉིན་རེར་ཆུ་ཚོད་6ཙམ་ལས་ཀ་བྱེད་བཞིན་ཡོད་ཅིང་། ཤོག་ལྡེབ་2400དང་ཤོག་ངོས་4800པར་ཐུབ།  

   


        སྡེ་དགེ་རྫོང་རིག་དངོས་དོ་དམ་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣས་ངོ་སྤྲོད་བྱས་དོན། པར་ཁང་ལ་ཁྱོན་བསྡོམས་པར་ཤིང་ཁྲི་32ལྷག་ཡོད་ཅིང་། པར་ཤིང་གི་ནང་དོན་ལ་ལོ་རྒྱུས་དང་ཚན་རྩལ། གསོ་བ་རིག་པ། གྲངས་རིག རྩོམ་རིག སྐར་རྩིས། ས་གཤིས་སོགས་ཡོད་པ་དང་། མིག་སྔར། སྡེ་དགེ་རྫོང་དུ་པར་ཤིང་པར་སྐྲུན་གྱི་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པ། ཁུལ་རིམ་པ་བཅས་ཀྱི་དངོས་མིན་རིག་གནས་རྒྱུན་འཛིན་པ་7ཡོད་ཅིང་། རྫོང་རིམ་པའི་དངོས་མིན་རིག་གནས་རྒྱུན་འཛིན་པ་20ལྷག་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1