བལ་བོས་པུའུ་ཀྲང་20ཡི་ལས་གནས་མེད་པར་བཟོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-24



    ཟླ་6ཚེས་22ཉིན། བལ་བོའི་ཆེས་མཐོའི་ཁྲིམས་ཁང་གིས་གནས་སྐབས་བཀའ་རྒྱ་བཀྲམས་ནས། ནང་བློན་རྒྱ་སྐྱེད་ཐེངས་གཉིས་བྱས་པའི་མི་སྣའི་ཁྲོད་ནང་བློན་དུ་ཞུགས་པའི་པུའུ་ཀྲང་20ཡི་ལས་གནས་མེད་པར་བཟོ་རྒྱུ་དང་། དེའི་ཁྲོད་པུའུ་ཀྲང་གཉིས་ཀྱིས་ཙུང་ལི་གཞོན་པའི་འགན་གཅིག་ལྕོགས་འཁུར་ཡོད། 
    བལ་བོའི་ཆེས་མཐོའ་ཁྲིམས་ཁང་གིས་ཙུང་ལི་ཨའོ་ལི་ཡིས་འགོ་ཁྲིད་བྱས་པའི་སྲིད་གཞུང་ནི་སྒོ་སྲུང་སྲིད་གཞུང་རེད། བལ་བོའི་རྩ་ཁྲིམས་ཐོག་སྒོ་སྲུང་སྲིད་གཞུང་གི་ཙུང་ལིས་ནང་བློན་རྒྱ་སྐྱེད་གཏོང་མི་ཆོག་པ་རེད། གོང་དུ་བརྗོད་པའི་པུའུ་ཀྲང་20ཡི་ལས་གནས་མེད་པ་བཟོས་ཡོད། ཆེས་མཐོའི་ཁྲིམས་ཁང་གིས་ད་དུང་དོན་དེའི་ཐད་ལ་ཆེས་མཐའ་མཇུག་གི་ཐག་གཅོད་བྱ་རྒྱུ་ཡིན་པ་བརྗོད། 
   བལ་བོའི་ཆེས་མཐོའི་ཁྲིམས་ཁང་གི་འཕྲིན་གཏོང་རིགས་གཅིག་མཁས་པ་ཅི་ཞོར་པའོ་དེར་གྱིས་གསར་འགོད་པ་ལ་བཤད་དོན། ཆེས་མཐོའི་ཁྲིམས་ཁང་གིས་ཆེས་མཐའ་མཇུག་གི་དཔང་ཉན་ཚོགས་འདུ་སྤེལ་ནས་ནང་བློན་རྒྱ་སྐྱེད་དོན་དག་ལ་ཆེས་མཐའ་མཇུག་གི་ཐག་གཅོད་རྒྱུ་དང་། མིག་སྔར། ཆེས་མཐའ་མཇུག་གི་དཔང་ཉན་ཚོགས་འདུ་སྤེལ་བའི་དུས་ཚོད་ད་དུང་གཏན་འཁེལ་བྱས་མེད། 
ཟླ་5ཚེས་22ཉིན། བལ་བོའི་ཙུང་ཐུང་པཱན་ཏཱ་ལི་ཡིས་ཨའོ་ལི་ཡི་གྲོས་གཞི་དང་ལེན་བྱས་ནས། གྲོས་ཁང་གཏོར་རྒྱུ་དང་ད་ལོའི་ཟླ་11པའི་ཚེས་12ཉིན་ནས་ཚེས་19ཉིན་བར་གྲོས་ཚོགས་ཀྱི་འདེམས་བསྐོ་བྱ་རྒྱུ་ཁྱབ་བསྒྲགས་བྱས། ཨའོ་ལི་སྲིད་གཞུང་དེ་མུར་སྒོ་སྲུང་སྲིད་གཞུང་དུ་གྱུར་བ་རེད། ཟླ་6ཚེས་4ཉིན་ནས་ཚེས་10ཉིན་བར། ཨའོ་ལི་ཡིས་ནང་བློན་ལ་རྩ་འཛུགས་ལེགས་བཅོས་དང་མི་སྣ་རྒྱ་སྐྱེད་བྱས་ནས། ཁོང་གིས་འགོ་ཁྲིད་བྱས་པའི་བལ་བོའི་གུང་ཁྲན་ཏང་(མ་ལེ་མཉམ་འབྲེལ)དང་མི་དམངས་སྤྱི་ཚོགས་རིང་ལུགས་ཏང་ཐཱ་ཁུའུ་ཕྱོགས་ནས་པུའུ་ཀྲང་17དང་རྒྱལ་སྲིད་པུའུ་ཀྲང་3ནང་བློན་བྱས་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1