ཏེང་ཞའོ་ཀང་གིས་རྔ་བ་ཁུལ་དུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 06-25



    ཟླ་6པའི་ཚེས་20ཉིན་ནས་21ཉིན་བར། ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་གིས་ཞིང་ཆེན་ཐད་གཏོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་ཁྲིད་དེ་རྔ་བ་ཁུལ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་དང་། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱས་པའི་གནས་ཚུལ་ལ་བརྟག་ཞིབ་མཛུབ་ཁྲིད་མཛད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཏང་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་གདོན་པར་སྐུལ་འདེད་གཏོང་བ།ལོ་རྒྱུས་སློབ་སྦྱོང་དང་ཡིད་ཆེས་ཆེར་བསྐྱེད། ཀུན་སྤྱོད་ལ་མཐོང་ཆེན་བྱེད་དགོས་པའི་ནན་བཤད་གནང་།
    ཏེང་ཞའོ་ཀང་གིས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་། རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད། འབར་ཁམས་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་མཛད་པ་དང་། འབར་ཁམས་གྲོང་ཁྱེར་གྱི་ཧུའུ་ཏིའི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ཐང་ཆེན་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པར་མ་ཟད།རྔ་བ་ཁུལ་གྱི་ཏང་ཡོན་ལས་བྱེད་པར་ཏང་གི་ཆེད་དོན་སློབ་ཁྲིད་འཚོགས་ཏེ། ཁོང་གིས་བསྟན་དོན། ངོས་འཛིན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་རྩ་འཛུགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ནས་ཏང་ལ་བློ་དཀར་སེམས་དཀར་དང་། དད་སེམས་བརྟན་པ། དམངས་ལ་བརྩེ་སེམས་འཆང་བ། ཚན་རིག་དང་མཐུན་པའི་བསམ་གཞིག་བྱེད་སྟངས་སྦྱོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་སྦྱོང་བ། འབད་འབུངས་ཀྱི་སྟོབས་ཤུགས་སྦྱོང་བ་བཅས་ཀྱི་སྒོ་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་འབད་འབུངས་ཡར་བརྩོན་གྱི་སྒོ་ནས་རྔ་བ་ཁུལ་གྱི་བྱ་གཞག་ལ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་དགོས། མུ་མཐུད་དུ་ཤུགས་བརྒྱབ་ནས་ངས་མང་ཚོགས་ལ་དངོས་དོན་སྒྲུབ་པའི་ལག་ལེན་བྱེད་སྒོར་གྲུབ་འབྲས་སྔར་ལས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་མུ་མཐུད་དུ་ཤུགས་བསྣན་ནས་ཏང་དབུ་བརྙེས་ནས་ལོ་འཁོར་100ལོན་པར་རྟེན་འབྲེལ་ཞུ་བར་རྔ་བའི་སྟོབས་ཤུགས་དབུལ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1