གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༢༨ཉིན།

གསར་བརྗེའི་སློབ་གསོའི་རྟེན་གཞིར་བསྐྱོད་ནས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་གཅེས་པའི་བརྩེ་སེམས་ཟབ་ཏུ་བཏང་པ།

        རྒྱ་ཆེའི་བཀོད་འཐབ་པ་ཚོར་ཏང་གི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་ལ་སྐུལ་འདེད་བཏང་སྟེ་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པ་དང་། དཔུང་ཁག་གི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས་མཛོ་སྒང་རྫོང་གླད་མདའ་གྲོང་ཚོར་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་ཏེ། གསར་བརྗེའི་སྙིང་སྟོབས་མྱོང་ཚོར་དང་འབད་འབུངས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་པ་རེད། 
ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་བཞིན་པ། 
       འགྲེམས་སྟོན་ཁང་དུ་ཐོག་མར་མིག་ལམ་དུ་མངོན་པ་ནི་སྐར་ལྔའི་དར་དམར་ཞིག་ཡིན་ལ། འགྲེལ་བརྗོད་པས་ངོ་སྤྲོད་བྱས་པར་གཞིགས་ན། སྐར་ལྔའི་དར་དམར་དེ་ནི1962ལོར་གྲོང་ཚོའི་ནང་གི་ཏང་ཡོན9ཡིས་རང་རྟོགས་ངང་བཟོས་པ་ཞིག་ཡིན་ལ། གྲོང་ཚོས་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་གཅེས་ཉར་བྱས་པ་དང“དར་དམར་གྲོང་ཚོའི”གྲོང་ཚོའི་མིང་ཡང་དེ་ཉིད་ལས་ཁྱབ་བརྡལ་བྱུང་པ་རེད།
མེ་ཟོན་བཀོད་འཐབ་པ་རྣམས་ཀྱིས་གསར་བརྗེའི་སྔོན་བྱོན་པ་རྣམས་ཀྱི་འོད་སྟོང་འབར་བའི་མཛད་རྗེས་ལ་ནན་ཏན་གྱིས་ཉན་བཞིན་པ།
       མེ་ཟོན་བཀོད་འཐབ་པ་ཚོས་འགྲེལ་བཤད་ཉན་ཞོར་དུ་དེ་གར་ནན་ཏན་ངང་ལྟ་བཞིན་ཡོད་ལ། གསར་བརྗེའི་གཏམ་རྒྱུད་རེ་རེ་དང་ལོ་རྒྱུས་ཀྱི་དངོས་པོ་རེ་རེ། རྩ་ཆེའི་པར་རིས་རེ་རེ་བཅས་ལས་ཀྲུང་གོའི་གུང་ཁྲན་ཏང་གིས་མི་རིགས་ཁག་གི་མང་ཚོགས་སྣེ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་སླར་ཡང་མངོན་པ་དང་། བཀོད་འཐབ་པ་ཚོས་གསར་བརྗེའི་སྔོན་བྱོན་པ་ཚོས་སྤྱིར་བཏང་མིན་པའི་ལོ་ཟླའི་ནང་། བློ་བརྟན་འགྱུར་མེད་ངང་འབད་བརྩོན་དང་དཀའ་སྤྱད་འབད་འཐབ་བྱེད་པའི་ཏང་དང་རྒྱལ་ཁབ་ལ་གཅེས་པའི་བརྩེ་སེམས་ཟབ་མོ་མྱོང་ཚོར་ ཐུབ་ཡོད། 
       ལྟ་སྐོར་མཇུག་འགྲིལ་རྗེས་རུ་འབྲིང་དེས་ཏང་ཞུགས་དམ་བཅའ་འཇོག་པའི་བྱེད་སྒོ་སྤེལ་ཏེ། བཀོད་འཐབ་པ་ཡོངས་ཀྱིས་ཏང་ནང་ཞུགས་པའི་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། གངས་ལྗོངས་ས་མཐོར་རྩ་བ་བརྟན་པོ་འཛུགས་པ། མེ་ཟོན་བྱ་གཞག་ལ་ནུས་ཤུགས་གང་ཡོད་འདོན་པའི་དད་སེམས་དང་ཆོད་སེམས་བརྟན་དུ་གཏོང་བ་བཅས་བྱས་པ་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1