མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་ལེགས་སྐྱེས་གྱ་ནོམ་པ་ཕུལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 06-30


            ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་དུས་ཆེན་ལ་ཉེ་དུས།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྟུད་མར《གུང་ཁྲན་ཏང་གི་བསྒྲགས་གཏམ》 《ཝང་རུའོ་ཧྥེ་བཙོན་རར་འདུག་སྐབས》《གསར་བརྗེའི་སྔོན་གཤེགས་དཔའ་བོའི་སྙན་ཚིག་འདྲ་བཤུས》《དེང་རབས་རྒྱལ་གཅེས་སྙན་རྩོམ་གཅེས་བསྡུས》《ལོ་བརྒྱའི་ལེགས་མཛད》《དཀའ་སྤྱད་ཀྱི་ལོ་ཟླ》སོགས་པར་སྐྲུན་གནང་སྟེ།  བོད་ཀྱི་ཀློག་པ་པོ་རྣམས་ལ་དམར་པོའི་བསྟན་བཅོས་གྲགས་ཅན་སྐོར་ཞིག་སྤྱན་ལམ་དུ་ཕུལ་ཡོད་དོ། །
            ད་རེབ་ཀྱི་དཔེ་དེབ་ལེགས་སྐྱེས་གྱ་ནོམ་པའི་ཁྲོད་དུ། 《གུང་ཁྲན་ཏང་གི་བསྒྲགས་གཏམ》བོད་འགྱུར་མ་ནི་ཏང་ཡོན་ལས་བྱེད་པ་རྣམས་ཀྱི་སློབ་དེབ་ལེགས་པོ་ཞིག་ཡིན་པ་དང་།《ཝང་རུའོ་ཧྥེ་བཙོན་རར་འདུག་སྐབས》ནི་དུས་རབས་སྔོན་མའི་ལོ་རབས་དྲུག་ཅུའི་ནང《དག་ཡིག་གསར་བསྒྲིགས》ཀྱི་གཙོ་སྒྲིག་པ་བསམ་གཏན་ལགས་ཀྱིས་བསྒྱུར་བ་དང་། 《གསར་བརྗེའི་སྔོན་གཤེགས་དཔའ་བོའི་སྙན་ཚིག་འདྲ་བཤུས》ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སངས་རྒྱས་ལགས་ཀྱིས་བསྒྱུར། 《དེང་རབས་རྒྱལ་གཅེས་སྙན་རྩོམ་གཅེས་བསྡུས》ནང་དུ་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་བོད་ཀྱི་རྩོམ་སྟེགས་སུ་སྐད་གྲགས་ཆོད་པའི་རྩོམ་པ་པོ20ལྷག་གི་རྒྱལ་གཅེས་སྙན་རྩོམ་བསྡུས་ཡོད་པ་དང་། 《ལོ་བརྒྱའི་ལེགས་མཛད》ནི《སྦྲང་ཆར》རྩོམ་སྒྲིག་ཁང་གིས་བསྒྲིགས་ཤིང་བོད་ཀྱི་སྙན་ངག་པ་བརྒྱ་ཐམ་པས་ལེགས་སྐྱེས་སྙན་རྩོམ་བྲིས་པ་ཞིག་དང་། 《དཀའ་སྤྱད་ཀྱི་ལོ་ཟླ》ནི《གངས་རྒྱན་ན་ཆུང་ཚགས་པར》རྩོམ་སྒྲིག་ཁང་གིས་ཆེད་དུ་ན་ཆུང་བྱིས་པ་རྣམས་ལ་དམིགས་ཏེ་སྒྱུར་སྒྲིག་བྱས་པའི་ཏང་གི་ལོ་རྒྱུས་ངོ་སྤྲོད་བྱེད་པའི་དཔེ་དེབ་ལེགས་པོ་ཞིག་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1