གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༣༠ཉིན།

གཞིས་ཀ་རྩེ་གྲོང་ཁྱེར་གྱི་ས་གནས་ཁག་གིས་བྱ་འགུལ་སྣ་མང་སྤེལ་ནས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས།



པར་འདི་ནི་ཟླ6པའི་ཚེས27ཉིན་རྣམ་གླིང་རྫོང་རྒྱ་མཚོ་ཤང་གིས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱ་འགུལ་དང“བདུན་གཅིག”གཟེངས་བསྟོད་ཚོགས་ཆེན་བསྡུས་པའི་ཚུལ་རེད།

པར་འདི་ནི་ཟླ6པའི་ཚེས17ཉིན་གྲོ་མོ་རྫོང་གི་སྐོར་དང་པོའི་དུས་རབས་གསར་བའི་གསར་བརྗེ་རིག་གནས་ཀྱི“འགྲེལ་བཤད་པ་ཆུང་ངུའི”གདན་ཞུའི་མཛད་སྒོ་གྲོ་མོ་མཐའ་མཚམས་རིག་གནས་འགྲེམས་སྟོན་ཁང་དུ་བསྡུས་པའི་ཚུལ་རེད།
          བསྟུན་མར་ཉིན་འགའི་རིང་། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ས་གནས་ཁག་གི་ལས་ཁུངས་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཁྲིད་སྟོན་དང་བསམ་བློའི་ཁྲིད་སྟོན་མངོན་གསལ་དོད་པོ་དང་། གཞི་རིམ་དུ་ཚ་རླབས་འཕྱུར་བ། མང་ཚོགས་ལ་སེམས་རྩ་འཁོལ་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བཅས་བྱས་ཏེ་རྣམ་པ་འདྲ་མིན་སྣ་ཚོགས་དང་། ནང་དོན་ཕུན་སུམ་ཚོགས་པ། གཟབ་རྒྱས་སྤྲོ་སེམས་འཁོལ་བ། དངོས་དོན་གྲོན་ཆུང་། བདེ་འཇགས་གོ་རིམ་ལྡན་པའི་བྱ་འགུལ་རབ་དང་རིམ་པ་རྒྱ་ཆེར་སྤེལ་ནས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ་དང་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་མགོ་ཁྲིད་འོག་གཞིས་ཀ་རྩེའི་འཕོ་འགྱུར་ཆེན་པོ་དང་འོད་སྟོང་འབར་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ། དུས་ཆེན་གྱི་རྣམ་པ་ཟབ་མོ་བསྐྲུན་པ་དང་གཞིས་ཀ་རྩེའི་རིགས་ཁག་གི་ལས་བྱེད་མང་ཚོགས་ནམ་ཡང་ཏང་གི་རྗེས་སུ་འབྲང་བ་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་བསྐྱོད་པ། དུས་རབས་གསར་བར་བྱས་རྗེས་འཇོག་པའི་རྣམ་པ་བཟང་པོ་ཞིག་གཏོད་པར་སྐུལ་ལྕག་ཁྲིད་སྟོན་བྱས། །

པར་འདི་ནི་ཟླ6པའི་ཚེས18ཉིན་རྒྱལ་ཁབ་གློག་དྲ་གཞིས་ཀ་རྩེ་གློག་འདོན་ཀུང་སིས“ནམ་ཡང་ཏང་གི་རྗེས་སུ་འབྲང་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་བསྐྱོད་པ”ཞེས་པའི་ལས་བཟོ་བའི་གསར་བརྗེ་གླུ་དབྱངས་མཉམ་ལེན་གྱི་འགྲན་བསྡུར་སྤེལ་བའི་ཚུལ་རེད།

པར་འདི་ནི་ཟླ6པའི་ཚེས15ཉིན་རྒྱལ་རྩེ་རྫོང་གི་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས“བདེ་སྐྱིད་ཀྱི་འཚོ་བར་བསྟོད་གླུ་འབུལ་བ་དང་། མཛེས་སྡུག་ལྡན་པའི་རྒྱལ་རྩེ་མཉམ་སྐྲུན”ཞེས་པའི་རིག་རྩལ་འགྲན་བསྡུར་སྤེལ་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ6པའི་ཚེས16ཉིན་གཞིས་ཀ་རྩེའི་མི་དམངས་གླིང་གའི་སྒོ་ཕྱེས་པ་དང་མང་ཚོགས་གཟིགས་སྐོར་དུ་འགྲོ་བའི་བྱ་འགུལ་སྤེལ་མགོ་ཚུགས་པའི་རྣམ་པ་རེད།

པར་འདི་ནི་ཟླ6པའི་ཚེས7ཉིན་བོད་ལྗོངས་གཞིས་ཀ་རྩེ་ཡན་ལག་དམག་ཁུལ་གྱིས་ཏང་གི་ལོ་རྒྱུས་ཤེས་བྱའི་འགྲན་བསྡུར་བྱ་འགུལ་སྤེལ་བའི་རྣམ་པ་རེད།

པར་འདི་ནི་ཟླ6པའི་ཚེས21ཉིན་པ་སྣམ་རྫོང་གིས“རྒྱང་སྐྱོད་ཀྱི་ལམ་བུར་སླར་ཡང་བསྐྱོད་དེ་ནམ་ཡང་ཏང་གི་རྗེས་སུ་འབྲང་བ”ཞེས་པའི་གསར་བརྗེ་སློབ་གསོའི་རྐང་ཐང་ཉམས་ལེན་བྱ་འགུལ་སྤེལ་བའི་རྣམ་པ་རེད།

པར་འདི་ནི་ཟླ6པའི་ཚེས24ཉིན་ཇོ་མོ་གླང་མའི་ཁྲེང་ཐོའུ་སྡེ་ཚོགས་ཀྱིས“ཏང་གི་ལོ་བརྒྱའི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་དུས་རབས་ཀྱི་གདོང་ལེན་པ་བྱེད་དགོས”ཞེས་པ་བརྗོད་གཞི་ཡིན་པའི་ཏང་ཡོན་གྱི་སྒྲོག་འགྲེལ་འགྲན་བསྡུར་སྤེལ་བའི་ཚུལ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1