ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་གཟེངས་བསྟོད་ཚོགས་ཆེན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 06-29




ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་100འཁོར་བའི་རྔ་བ་ཁུལ་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནངས། 
རྔ་བ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལུའོ་ཀྲེན་ཧྭ་ཡིས་ཚོགས་འདུའི་གཙོ་འགན་བཞེས། ལི་ཝེ་གོ་དང་ཉི་མ་འབུམ་ཚོགས་འདུར་ཞུགས།
ཝུའུ་ལི་ཡན་དང་ཀའོ་ཅ་ཅུན་གྱིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནངས།

    ཟླ་6ཚེས་27ཉིན་གྱི་སྔ་དྲོར། ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་100འཁོར་བའི་རྔ་བ་ཁུལ་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་དོན་ལས་དོན་མི་སྣ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས། འབྲེལ་གཉིས་སྒྲོག་གཅིག་བཅས་ཀྱི་མང་ཚོགས་ལས་དོན་གྱི་སྔོན་ཐོན་ཚོགས་པ་དང་། སྔོན་ཐོན་མི་སྒེར། ཁུལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བཅས་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འབར་ཁམས་སུ་འཚོགས་པ་རེད། ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། དཀའ་སྤྱད་འབད་བརྩོན་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་པ་དང་སྔར་བས་ཕུལ་བྱུང་གི་གྲུབ་འབྲས་ལས་ཏང་དབུ་བརེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་དགོས། 

     རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལུའོ་ཀྲེན་ཧྭ་ཡིས་ཚོགས་འདུའི་གཙོ་འགན་བཞེས་པ། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལི་ཝེ་གོ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་ཚོགས་འདུར་ཞུགས་པ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ལི་ཡན་དང་ཀའོ་ཅ་ཅུན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད།

     རྔ་བ་ཁུལ་རིག་གནས་ཕོ་བྲང་གི་ཐོག་བརྩེགས་བཞི་བའི་ཚོགས་ཁང་དུ་དགའ་སྤྲོའི་རྣམ་པས་ཁེངས། སྔ་དྲོའི་ཆུ་ཚོད་10བར་ཚང་མ་ཡར་བཞེངས་ནས་རྒྱལ་གླུ་བླངས་པ་དང་ཚོགས་ཆེན་གྱི་མགོ་ཚུགས། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་དུས་འདིར། ཁུལ་ཨུས་ཁུལ་ཡོངས་ཀྱི་སྔོན་ཐོན་མི་སྒེར་360དང་སྔོན་ཐོན་ཚོགས་པ་150ལ་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ཚོགས་ཆེན་ཐོག་སྔོན་ཐོན་མི་སྒེར་དང་ཚོགས་པའི་འཐུས་ཚབ་88ཀྱིས་སྔ་རྗེས་སུ་ཚོགས་སྟེགས་ནས་གཟེངས་རྟགས་བླངས། ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་འཐུས་ཚབ་མའོ་རྫོང་ཧྥུང་དབྱི་གྲོང་རྡལ་ཙུང་ཆུས་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལེའང་ཏའོ་ཁྲེང་དང་། ཁྱིམ་འབྲེལ་དམངས་འདྲིས་མང་ཚོགས་ལས་དོན་གྱི་སྔོན་ཐོན་ཚོགས་པའི་འཐུས་ཚབ་ཁུལ་མི་དམངས་ཁྲིམས་གཅོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཁྲིམས་དཔོན་ཆིན་ཧའེ། ངལ་རྩོལ་དཔེ་བཟང་གི་འཐུས་ཚབ་ཝུན་ཁྲོན་རྫོང་སན་ཅང་གྲོང་རྡལ་ལེ་ཧོ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲའོ་ཡུང་སོགས་འཐུས་ཚབ་གསུམ་གྱིས་གཏམ་བཤད་སྤེལ་རེས་བྱས་པ་རེད།
   

    ལིའུ་ཕིང་གིས་ཁུལ་ཨུའི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཚོགས་པ་དང་ཕུལ་བྱུང་མི་སྒེར་ལ་རྟེན་འབྲེལ་ཞུས་པ་དང་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་གུང་ཁྲན་ཏང་ཡོན་ཁྲི་7.9ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་རེད། ཁོང་གིས་བསྟན་དོན། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྔ་བས་གོམ་སྟབས་གཅིག་གིས་བསྐལ་བ་སྟོང་བརྒལ་བའི་འཕོ་འགྱུར་ཆེན་པོ་མངོན་འགྱུར་བྱུང་ནས་དཔའ་ཉམས་དོད་པའི་ངོ་མཚར་ཆེ་བའི་ལེའུ་བརྩམས་ཏེ། དབུལ་བྲལ་བྱས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཅེས་པའི་མི་ཡུལ་གྱི་ངོ་མཚར་བཏོད་ལ། དུས་ནམ་ཡང་ཏང་གི་རྗེས་སུ་འབྲངས་ཞེས་པའི་དམ་བཅའ་བརྟན་པོ་ལག་ལེན་བསྟར་ཡོད། ཁུལ་ཡོངས་ཀྱིས་ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་དད་སེམས་བརྟན་པོ་བཙུགས་ནས་ཁུལ་བརྟན་ཁུལ་དར་གྱི་བྱ་གཞག་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་མི་དམངས་ཀྱི་རེ་བ་དང་ལོ་རྒྱུས་ཀྱི་མངགས་བཅོལ་ཆུད་ཟོས་སུ་གཏོང་མི་རུང་། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་སློབ་སྦྱོང་གི་དཔེ་མཚོན་བྱེད་སྒོ་རྩ་འཛུགས་ཞིབ་ཚགས་སྒོས་སྔོན་ཐོན་ལ་སློབ་སྦྱོང་དང་། སྔོན་ཐོན་གྱི་རྗེས་སྙེག སྔོན་ཐོན་གསར་གཏོད་བཅས་ཀྱི་ཚ་རླབས་འཕྱུར་བ་བྱས་ནས། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་བྱ་ཆེད་དྲང་ནུས་གཅིག་སྒྲིལ་དང་སྒུལ་ཤུགས་གསར་བ་སྣོན་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། ངས་མང་ཚོགས་ལ་དངོས་དོན་སྒྲུབ་པའི་ལག་ལེན་བྱེད་སྒོ་དང་འབྲེལ་ནས་རྔ་བའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1