ཏང་གི་ལོ་རྒྱུས་སློབ།། གསར་བརྗེ་རྒྱུད་འཛིན་བྱེད།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 06-26



རྔ་བ་ཁུལ་གྱི་རྫོང(གྲོང་ཁྱེར)སོ་སོས་ཏང་གི་ལོ་རྒྱུས་སློབ་ སྦྱོང་སློབ་གསོ་ཟབ་སྦྱོང་དང་ཟབ་སྤེལ་བྱས།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་མགོ་ཚུགས་པ་ནས་བཟུང་། རང་ཁུལ་གྱི་རྫོང(གྲོང་ཁྱེར)སོ་སོས་དོན་དངོས་ལ་གཞི་ཚུགས་དང་། དོན་འཁྱོལ་ལ་དམ་པོར་དམིགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བཞིན་ཡོད།


རྔ་བ་རྫོང་ཁྲིམས་གཅོད་ཁང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མི་སེམས་སུ་ངེས་པར་བྱས།

    ཉེ་ཆར། རྔ་བ་རྫོང་ཁྲིམས་གཅོད་ཁང་གིས་ཏང་གི་ལོ་རྒྱུས་བསླབ་ནས་ཐོག་མའི་བསམ་འདུན་རྟོགས་པ་དང་། སློབ་སྦྱོང་བྱས་ནས་མི་སེམས་ལ་དྲོ་སྐྱིད་སྟེར་ཞེས་པའི་བརྗོད་གཙོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། ལས་བྱེད་པ་དང་ཉེན་རྟོག་པ་རྣམས་ཏང་ཡོན་རྒན་པའི་ཁྱིམ་དུ་སོང་ནས་ཁོ་ཚོའི་གཟུགས་པོ་དང་འཚོ་བའི་གནས་ཚུལ་དྲིས་བ་དང་། ཏང་ཡོན་རྒན་པ་ཚོར་ཏང་གི་ལོ་རྒྱུས་ཀྱི་སློབ་དེབ་བསྐྱལ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མི་རེ་རེའི་སེམས་སུ་ངེས་པར་བྱས།
    ཏང་གི་ལོ་རྒྱུས་ཀྱི་སློབ་དེབ་སྐྱེལ་སྐབས། རྔ་བ་རྫོང་ཁྲིམས་གཅོད་ཁང་གི་ལས་བྱེད་པ་རྣམས་ཏང་ཡོན་རྒན་པ་རེ་རེའི་ཁྱིམདུ་སོང་ནས་ཁོ་ཚོ་དང་མཉམ་དུ་ཁ་བརྡ་བྱས་པ་དང་། ཏང་ཡོན་རྒན་པ་ཚོར་ཁྲིམས་གཅོད་ཁང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་ཁག་ལ་སློབ་གསོ་དག་ཐེར་བཅས་སྤེལ་བའི་ཞིབ་ཕྲའི་གནས་ཚུལ་ངོ་སྤྲད་པར་མ་ཟད། ཁོ་ཚོར《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》སོགས་གཏན་འབེབས་བྱས་པའི་དཔེ་ཆ་དང་། རྔ་བ་རྫོང་མི་དམངས་ཁྲིམས་གཅོད་ཁང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ་སོགས་རང་གིས་རྩོམ་སྒྲིག་བྱས་པའི་དཔེ་ཆ་སྟེར་བ་དང་། ཏང་ཡོན་རྒན་པ་ཚོས་ཏང་ལ་ཞུགས་པའི་གཏམ་རྒྱུད་དང་ཁྲིམས་གཅོད་ཁང་འཕེལ་རྒྱས་ཀྱི་མྱོང་ཚོར་ནན་ཏན་ངང་མཉན།
    ཏང་ཡོན་རྒན་པ་རྣམས་ལ་ཏང་གི་དཔེ་ཆ་སྟེར་བའི་བྱེད་སྒོ་སྤེལ་ཏེ། ཁྲིམས་གཅོད་ཁང་གི་ལས་འཁྱུར་ངལ་གསོའི་ཏང་ཡོན་རྒན་པ་རྣམས་ཀྱིས་དུས་ཐོག་ཏུ་ཏང་གི་ལོ་རྒྱུས་བསླབ་ཐུབ་པ་དང་། རང་ཁྱིམ་དུ་བསྡད་ནས་ཏང་གི་གནས་ཚུལ་ཁོང་དུ་ཆུད་ཐུབ་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་ཡག་པོར་བསྒྲུབས།

མའོ་རྫོང་ཧྥུང་དབྱི་གྲོང་རྡལ་གྱི་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་ཡན་ལག་རུ་ཁག་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མཁས་ཅན་ཞིག་ཏུ་གྱུར་ཡོད།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དྲིལ་སྒྲོག་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་ཆེད། ཉིན་འགའི་རིང་ལ་མའོ་རྫོང་ཧྥུང་དབྱི་གྲོང་རྡལ་གྱི་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་ཡན་ལག་རུ་ཁག་སྟེ་གྲོང་སྡེ་དང་ཁྱིམ་ཚང་དུ་བསྐྱོད་དེ་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་བོ་དྲིལ་སྒྲོག་དང་སྒྲོག་འགྲེལ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་བཟང་བོ་ཐོབ་ཡོད།
    མའོ་རྫོང་ཧྥེང་དབྱི་གྲོང་རྡལ་གྱི་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་ཡན་ལག་རུ་ཁག་གིས་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་བྱེད་པའི་གོ་སྐབས་དང་བསྟུན་ནས། ཏང་ཡོན་ཚོགས་ཆེན་དང་མང་ཚོགས་ཚོགས་འདུ། ཁྱིམ་ཚང་ཚོགས་འདུ་སོགས་ཀྱི་རྣམ་པ་བེད་སྤྱོད་གང་ལེགས་བྱས་ཏེ་གྲོང་སྡེ་དང་ཁྱིམ་ཚང་དུ་བསྐྱོད་དེ་ཏང་ཡོན་མང་ཚོགས་ལ་ཏང་གི་ལོ་རྒྱུས་བཤད་པ་དང་གསར་བརྗེའི་གཏམ་རྒྱུད་བཤད་པ། གསར་བརྗེའི་ལག་ལེན་བཤད་པ་བཅས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཁྱིམ་ཚང་རེ་རེ་དང་མི་རེ་རེའི་སེམས་སུ་ངེས་པར་བྱས།
    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བ་ནས་བཟུང་། མའོ་རྫོང་ཧྥུང་དབྱི་གྲོང་རྡལ་གྱིས་བྱང་ཚད་མཐོ་བ་ཞིང་སྙིང་སྟོབས་ཆེ་བའི་ཏང་ཡོན་རྒན་པ་དང་ལས་འཁྱུར་ངལ་གསོ་རྒན་པ། གྲོང་རྡལ་ཏང་ཨུའི་ལས་བྱེད་ལས་གྲུབ་པའི་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་ཡན་ལག་རུ་ཁག་གིས། ཏང་གི་ལོ་རྒྱུས་ཏེ་མང་ཚོགས་ཀྱི་དོན་དངོས་དང་འབྲེལ་ནས་སྒྲོག་འགྲེལ་བྱས་ལ། མའོ་རྫོང་གི་ཁྱིམ་ཚང་རེ་རེའི་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་བྱེད་པའི་མཁས་ཅན་ཞིག་ཏུ་གྱུར་ཡོད།


འབར་ཁམས་གྲོང་ཁྱེར་ཁང་སར་ཡུལ་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་གཏིང་ཟབ་ཏུ་སྤེལ།
    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་ཆེད།འབར་ཁམས་གྲོང་ཁྱེར་ཁང་སར་ཡུལ་ཚོས་སྣེ་ཁྲིད་དང་ནན་ཏན། དོན་དངོས། སློབ་སྦྱོང་བཅས་བྱེད་ཐབས་བཞི་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་ཡག་པོར་བསྒྲུབས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་གཏིང་ཟབ་ཀྱིས་སྤེལ་བར་རམ་འདེགས་བྱས།
    སྣེ་ཁྲིད་ལ་དམིགས་ཏེ་ལས་དོན་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་། ཡུལ་ཚོ་དང་གྲོང་སྡེ་རིམ་པ་གཉིས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་འགོ་ཁྲིད་ཚན་ཆུང་6བཙུགས་ཤིང་། བྱེད་ཐབས་ཞིབ་ཕྲ་བཟོས་བ་དང་ལས་ཀའི་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་འགན་ལེན་བྱས། སློབ་སྦྱོང་སློབ་གསོ་དང་ཏང་གི་ལོ་རྒྱུས་ཀློག་འདོན། ཆེད་དོན་བགྲོ་གླེང་བཅས་དམ་པོར་འབྲེལ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཕྱོགས་ཡོངས་སུ་ཁྱབ་པ་བྱས། དོན་དངོས་ལ་དམིགས་ཏེ་ལོ་རྒྱུས་སྦྱང་ན་འབད་བརྩོན་ཆེ་བ་བྱས། སྐད་འཕྲིན་གྱི་ཚོགས་པ་དང་LEDཡི་བརྙན་ཤེལ། རོང་འབྲོག་པའི་མཚན་མོའི་སློབ་གྲྭ་སོགས་གང་ལེགས་སྤྱད་དེ། གྲོང་གསེབ་ཀྱི་ཏང་ཡོན་ལས་བྱེད་པར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་བའི་ཁྱད་དུ་འཕགས་པའི་ལོ་རྒྱུས་མྱོང་ཚོར་ཐུབ་པ་བྱས་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་གཅེས་འདུ་ཤེས་དང་མི་རིགས་ཀྱི་གཟི་བརྗིད་འདུ་ཤེས་སྔར་ལས་ཆེ་རུ་བཏང་བ་དང་། སློབ་སྦྱོང་ལ་དམིགས་ཏེ་ལས་བྱེད་པའི་སློབ་སྦྱོང་གི་འདུན་པ་ཇེ་དྲག་ཏུ་བཏང་། QQཡི་ལས་དོན་ཚོགས་པ་དང་སྐད་འཕྲིན་གྱི་ལས་དོན་ཚོགས་པ། རྒྱང་ཁྲིད་སློབ་གསོའི་ས་ཚིགས་སོགས་དྲྭ་རྒྱའི་སྟེགས་བུར་བརྟེན་ནས་དྲྭ་ཐོག་སློབ་ཁང་བཙུགས་ཤིང་། སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ཏང་ཡོན་ལས་བྱེད་པར་དྲི་བ་བཏོན་ནས་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གི་རང་མོས་རང་བཞིན་དང་རང་རྟོགས་རང་བཞིན་ཇེ་དྲག་ཏུ་སོང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1