ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་གླུ་དབྱངས་འགྲན་སྡུར་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 06-24


    ཟླ་6ཚེས་23ཉིན་གྱི་སྔ་དྲོར། རྔ་བ་ཁུལ་ཐད་གཏོགས་ལས་ཁུངས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་གླུ་དབྱངས་འགྲན་སྡུར་ཏེ།  ཏང་ལ་བསྟོད་གླུ་འབུལ་ཞེས་པ་འབར་ཁམས་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས། ཁུལ་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ལས་ཀའི་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་པོ་ཐའོ་དང་། ཁུལ་རིམ་པ་དང་པོའི་སྐོར་ཞིབ་པ་ལི་ཧུང་ཡུང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཝང་ཧྲུའུ་མིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཧྲེང་བཅས་བྱེད་སྒོར་ཞུགས།  


   ཐེངས་འདིའི་གླུ་དབྱངས་འགྲན་སྡུར་ནི་རྩ་འཛུགས་རུ་ཁག་གི་རྣམ་པར་བརྒྱུད་ནས་སྤེལ་བ་ཞིག་ཡིན་ཞིང་། ཁྱོན་རུ་ཁག་བཅུ་གཉིས་ཀྱིས་ཏང་དང་རྒྱལ་ཁབ། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་བར་བརྗོད་སྙིང་དུ་བཟུང་སྟེ། སྙན་ཞིང་འཇེབས་པའི་བསྟོད་གླུ་ལས་ཏང་ལ་བློ་དཀར་སེམས་དཀར་ཡིན་པ་མངོན་པར་མཚོན།


    གླུ་དབྱངས་འགྲན་སྡུར་ནི་《རླབས་ཆེ་བའི་རྒྱལ་ཁབ་དང་རླབས་ཆེ་བའི་ཏང་》ཞེས་པའི་སྙན་མོའི་ངག་དང་འགྲོགས་ནས་སྒོ་མོ་ཡོངས་སུ་ཕྱེས། དེ་ནས།  《མེས་རྒྱལ་ནམ་ཡང་བརྗེད་ཐབས་མེད》དང་《རི་གླུ་སྙན་མོ་ཏང་ལ་འབུལ》《མཚར་སྡུག་གི་ཉི་འོད་ཀློང་ནས》ཞེས་པ་སོགས་ཀྱི་གླུ་དབྱངས་སྙན་མོས་འདི་ཚོགས་ཁྲོམ་པ་ཟིལ་གྱིས་མནན། འགྲན་སྡུར་དུ། རུ་ཁག་སོ་སོས་སྐད་གསེང་མཐོན་པོ་དང་བརྩེ་བ་ཟབ་མོ་བཅས་ལ་བརྟེན་ནས། ཀྲུང་གོའི་གུང་ཁྲན་ཏང་གི་རླབས་ཆེ་བའི་མཛད་རྗེས་ལ་བསྟོད་གླུ་བླངས་པར་མ་ཟད། ཏང་དང་རྒྱལ་ཁབ་ལ་དགའ་བའི་དུངས་པ་ནམ་མཁའ་ལས་ཡངས་ཤིང་། རྒྱ་མཚོ་ལས་ཟབ་པར་ཉེ་བར་མཚོན།


    སྙན་ཚིག་གི་རྫོངས་པ་ཕུན་ཚོགས་དང་། སྙན་མོའི་ངག་གི་གྲེ་འགྱུར་ཕུན་ཚོགས་ཀྱིས་ཏང་ལ་བསྟོད་གླུ་བླངས། འགྲན་ཞུགས་པ་ཀུན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ནས་ཐོབ་པའི་ཆབ་སྲིད་ཀྱི་བརྩེ་བ་ཟབ་མོ་ལག་ལེན་ལས་མངོན་པར་མཚོན་པ་དང་། དམངས་ལ་ཞབས་ཞུ་སྒྲུབ་པ། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་བསྐྲུན་པར་རང་གི་ནུས་པས་སྲི་ཞུ་བསྒྲུབ་དགོས་པ་སོགས་བསྟན།   


    ཐེངས་འདིའི་འགྲན་སྡུར་དུ། ཨང་དང་པོའི་རུ་ཁག་གཉིས་དང་། ཨང་གཉིས་པའི་རུ་ཁག་གཉིས། ཨང་གསུམ་པའི་རུ་ཁག་གསུམ་དང་ཕུལ་བྱུང་བྱ་དགའ་བཅས་ཡོད། འགྲན་སྡུར་ཚ་ཚ་འུར་འུར་གྱིས་སྤེལ་བར་བརྒྱུད། རུ་ཁག་དང་པོ་དང་རུ་ཁག་བཞི་བ་གཉིས་ཀྱིས་བྱ་དགའ་ཨང་དང་པོ་ཐོབ་བོ།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1