དཀར་མཛེས་ཁུལ་གྱི་ཏང་ཡོན་གཅིག་དང་གཞི་རིམ་ཏང་རྩ་འཛུགས་གཅིག་ལ་རྒྱལ་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཐོབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་འདྲ་བ། སྤེལ་དུས། 06-30



   ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི“བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་པའི་མཛད་སྒོ་དེ་ཚེས29ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ལ་གཟེངས་རྟགས་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།

   མཛད་སྒོའི་གོང་ཞི་ཅིན་ཕིང་བཅས་མགོ་ཁྲིད་བློ་མཐུན་རྣམ་པས་རྒྱལ་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཐོབ་མཁན་རྣམས་ལ་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

   ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ནས་གཟེངས་བསྟོད་ཐོབ་མཁན་མི་སྒེར་དང་ཐུན་མོང་གི་འཐུས་མིར་བྱ་དགའ་སྤྲད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་ཆེན་ལ་ཕེབས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་དཔྱད་འདེམས་གཟེངས་བསྟོད་ལས་དོན་ལ་མཐོང་ཆེན་ཆེན་པོ་གནང་ནས་ཏང་ཡོན་གྱི་ནུས་པ་འདོན་སྤེལ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་རྒྱག་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ་ང་ཚོར་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། རྒྱ་ཆེ་བའི་ཏང་ཡོན་དང་གཞི་རིམ་ཏང་རྩ་འཛུགས་ཀྱིས་སྔོན་ཐོན་དཔེ་བཟང་མིག་དཔེར་བཟུང་སྟེ་ཏང་གཤིས་ཞུན་བརྡར་དང་། ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་ནས་རང་འགན་གཙང་སྒྲུབ་དང་། རང་ངོས་གསར་བརྗེ་བྱེད་ཕོད་པ་བཅས་བྱས་ཏེ་གདོང་ལེན་དཔེ་བཟང་གི་ནུས་པ་དང་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱ་དགོས་པར་བསྟན།

   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་ཀྲའོ་ལེ་ཅི་ཚོགས་ཆེན་ལ་ཞུགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲེན་ཞི་ཡིས《རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པ། རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》སྒྲོག་སྦྱངས་གནང་བ་དང་། གཟེངས་བསྟོད་ཐོབ་པའི་འཐུས་མིས་གཏམ་བཤད་གནང་བ་རེད།


རང་ཁུལ་གྱི་ཏང་ཡོན་གཅིག་དང་གཞི་རིམ་ཏང་རྩ་འཛུགས་གཅིག་ལ་རྒྱལ་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཐོབ།

   ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་སྦྲག་སྲིད་ཡན་ལག་སྤྱི་གཉེར་ཁང་སྦྲག་སྐྱེལ་རླངས་འཁོར་ཚོགས་ཆུང་གི་ཙུའུ་ཀྲང་འཆི་མེད་རྡོ་རྗེ་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་གཟེངས་བསྟོད་ཐོབ།


རང་ཁུལ་གྱི་ཏང་ཡོན་གཅིག་དང་གཞི་རིམ་ཏང་རྩ་འཛུགས་གཅིག་ལ་རྒྱལ་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཐོབ།

﹙བྱང་ཆུབ་རྡོ་རྗེ།﹚

        དར་མདོ་གྲོང་ཁྱེར་འགག་པ་ཡུལ་ཤོག་མགོ་བཏགས་སྨད་པའི་ཏང་ཀྲི་པུའུ་ལ་རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་གཟེངས་བསྟོད་ཐོབ་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1