གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

ལོ་བརྒྱའི་གཟི་བརྗིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༣༠ཉིན།

༄༅།། ལོ་བརྒྱའི་གཟི་བརྗིད།


ཚུལ་ཁྲིམས་བསྟན་འཛིན།

བརྒྱ་ཕྲག་ལོ་ཡི་འཕྲང་མཆོག་བརྒལ་བའི་རིང་། །
བརྒྱ་སྟོང་དུང་ཕྱུར་མི་དམངས་འཚོ་བ་བསྐྲུན། །
བརྒྱ་ཕྲག་ལྔ་བཅུའི་རིག་གཞུང་ལེགས་བསྲིངས་ཏེ། །
བརྒྱ་ཕྲག་གཅིག་གིས་འཕེལ་རྒྱས་ཨེ་མ་རྨད། །

རྩ་བ་མི་དམངས་བདེ་སྐྱིད་དཀྱིལ་བཟུང་ནས། །
རྩ་དོན་མི་འགྱུར་ཐོག་མའི་འགན་འཁྲི་རྣམས།
རྩ་བ་གཅིག་སྒྲིལ་ངང་ནས་ལེགས་བཞེས་ཏེ། །
རྩ་བ་ལྔ་དྲུག་མི་དམངས་དབུ་འདྲེན་མཛད། །

ལེགས་བྱས་དུང་ཕྱུར་བཅུ་བཞིས་བློ་ཡིད་ཚོམ། །
ལེགས་ཚོགས་དཔལ་གྱིས་གུས་བཀུར་ཡུལ་གྱུར་ཅིང་། །
ལེགས་འདྲེན་གང་འདུལ་ཐབས་མཁས་འཕྲིན་ལས་པ། །
ལེགས་ལེགས་ལོ་འཁོར་བརྒྱ་ཡི་མཛད་རྗེས་རྨད། །  

39.7K

རྩོམ་ཡིག་སྔོན་མ།
༄༅།། ལོ་བརྒྱའི་གཟི་བརྗིད།
རྩོམ་ཡིག་རྗེས་མ།
༄༅།།ལོ་བརྒྱའི་གཟི་བརྗིད།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1