ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དགའ་སྟོན་ཚོགས་ཆེན་དེ་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོག་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-30


        སྤྱི་ཟླ་7པའི་ཚེས་1ཉིན་གྱི་སྔ་དྲོའི་ཆུ་ཚོད་8པའི་ཐོག །ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དགའ་སྟོན་ཚོགས་ཆེན་དེ་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོག་རྒྱུ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ལགས་ཀྱིས་གསུང་བཤད་གལ་ཆེན་གནང་རྒྱུ་རེད།
        དུས་ལྟར། ཀྲུང་དབྱང་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཤིན་ཧྭ་དྲ་བས་ཡུལ་དངོས་ནས་ཐད་གཏོང་བྱ་རྒྱུ་རེད་ལ། རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་རྒྱང་བསྒྲགས་བརྙན་འཕྲིན་གྱི་བརྒྱུད་ལམ་གཙོ་བོ་དང་སྐད་ལམ་གཙོ་བོ། དེ་བཞིན་གསར་འགྱུར་དྲ་བ་དང་འཕྲིན་སྦྱོར་གསར་པའི་འཕྲིན་སྟེགས་ཁག་གིས་དུས་མཉམ་དུ་བརྒྱུད་འགོད་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1