གཙོ་ངོས།>> སྒྱུ་རྩལ།>>ཡིག་གཟུགས།

རྩོམ་པ་པོ། བདེ་ཆེན་དབང་མོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༠༡ཉིན།

༄༅།།བོད་ཀྱི་ཡིག་གཟུགས་བྱུང་འཕེལ་བཤད་པ།

   བཟོ་རྩལ་ཕུལ་བྱུང་ཡི་གེའི་རྒྱལ་ཁམས་ལ།བརྗོད་དོན་གསལ་བའི་ཡི་གེའི་བྱེད་པོ་མཆོག །མི་བོ་ཆེ་དང་ཐོན་མིའི་ཕྱག་སོར་ལས།གཟབ་གཤར་ཡིག་རིགས་བྱུང་བ་འདི་ལྷག་ཅི།།མི་རིགས་རིག་གནས་དར་རྒྱས་འགྲོ་མིན་ནི།སྐད་དང་ཡི་གེའི་རྩ་བ་བརྟན་མིན་རགས།ཁྱད་པར་ཡིག་རིས་མཛེས་སྙོམས་དག་གསུམ་ལས།།བྱང་བར་བྱས་ན་ཀུན་གྱིས་མཁས་པར་གླེང་། ཞེས་པའི་རྒྱུ་མཚན་དེའི་ཕྱིར་འཛམ་གླིང་རིག་གནས་ཀྱི་གཏེར་མཛོད་དུ་གླེང་བའི་རྩ་བ་ལྡེ་མིག་ལྟ་བུ་ནི་ཡིག་གཟུགས་ཀྱི་ལག་རྩལ་ཁྱད་འཕགས་ཡོད་མེད་ཁོ་ན་ཡིན།སྤྱིར་ན་བོད་ཀྱི་ཡིག་གཟུགས་ཀྱི་རྒྱབ་ལྗོངས་གཏིང་ཟབ་ལ་ཁྱད་ཆོས་ཆེ་བ།དར་སྔ་ལ་ལོ་རྒྱུས་ཀྱི་ཁུངས་ལུང་མང་བ་སྒྱུ་རྩལ་གྱི་ཁྱད་ཆོས་དམིགས་བསལ་དུ་ཐོན་པ་མིའི་ལག་རྩལ་ཁོ་ན་ལ་རག་ལས་པ་ལ་རིགས་གཙོ་བོ་གཉིས་སུ་འདུས།དབུ་མེད་དང་དབུ་ཅན་གཉིས་ལས་ཡལ་ག་དང་ལོ་འདབ་ཀྱི་རྣམ་པ་གྲངས་མེད་པ་འཕེལ་ནས་ཡོད།སྒྱུ་རྩལ་གྱི་ཉམས་ཀྱི་ཐད་ནས་འབྲི་སྟངས་དང་སྨྱུ་གུ་སྣག་ཤོག་ཐིག་སོགས་ཕུན་སུམ་ཚོགས་པ་ཡོད།སྔར་ཡོད་མ་ཉམས་པ་དར་སྤེལ་དང་མ་འོངས་གསར་གཏོད་ཀྱི་ལམ་ལ་སྤོབས་པ་ཆེན་པོའི་སྒོ་ནས་བཞུགས་ཏེ་སྤྱི་ཚོགས་འདིར་གློག་འཕྲུལ་དར་རུང་ང་ཚོའི་མི་ཉམས་པ་བཀོལ་སྤྱོད་བྱེད་ཐུབ་དགོས་པ་གལ་ཆེའོ།།  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1