《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ》ཡི་དྲན་རྟེན་སྦྲག་འཛིན་དང་དྲན་རྟེན་ཡིག་ཤུབས་པེ་ཅིང་དུ་ཁྱབ་བསྒྲགས་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་དྲ་བ། སྤེལ་དུས། 07-01



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་29ཉིན། 《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ》ཡི་དྲན་རྟེན་སྦྲག་འཛིན་དང་དྲན་རྟེན་ཡིག་ཤུབས་པེ་ཅིང་དུ་ཁྱབ་བསྒྲགས་བྱས། ཀྲུང་གོ་སྦྲག་སྲིད་ཀྱིས་ཟླ7པའི་ཚེས1ཉིན《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ》ཡི་དྲན་རྟེན་སྦྲག་འཛིན20ཅན་གྱི་ཆ་ཚང1དང་། དྲན་གསོའི་ཡིག་ཤུབས1ཅན་གྱི་ཆ་ཚང1འགྲེམས་སྤེལ་བྱ་རྒྱུ་རེད། 


པར་འདི་ནི་ཟླ6ཚེས་29ཉིན། ཡོངས་བསྒྲགས་མཛད་སྒོའི་ཐོག་ཏུ་ལས་དོན་མི་སྣས《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ》ཡི་དྲན་རྟེན་སྦྲག་འཛིན་དང་དྲན་རྟེན་ཡིག་ཤུབས་བསྟན་པ།

        《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ》ཡི་དྲན་རྟེན་སྦྲག་འཛིན་ནི་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་རིམ་སྤེལ་སྦྲག་འཛིན་ནང་འགྲེམས་སྤེལ་བྱས་པ་མང་ཤོས་དང་། མཚོན་ཚུལ་གྱི་ནང་དོན་རྒྱ་ཆེ་ཤོས། འགྲེམས་སྤེལ་གྱི་ཚད་གཞི་མཐོ་ཤོས་ཀྱི་སྦྲག་འཛིན་ཆ་ཚང་ཞིག་རེད། སྦྲག་འཛིན་དེ་རིམ་སྤེལ་གྱི་རྣམ་པར་ཇུས་འགོད་བྱས་ཡོད་ཅིང་། དེའི་ནང་དོན་ནི། གནམ་འདེགས་ས་གཤེགས། སྤྱིར་བཏང་མིན་པའི་ལོ་ཟླ། གཞོམ་མེད་འདེགས་རྡོ། རླབས་ཆེའི་རྒྱལ་ཁ། རྒྱལ་སྟོན་མཛད་སྒོ། མེ་འགོག་ཁྲའོ་རོགས། ལམ་ལུགས་ཀྱི་རྨང་གཞི། རང་སྟོབས་རང་སྤེལ། སྒྱུར་བཅོས་ཀྱི་དཔྱིད་རླུང་། ཕྱི་ཕྱོགས་སྒོ་འབྱེད། དུས་རབས་ཀྱི་འཕོ་འགྱུར། ཚན་རིག་དང་མཐུན་པའི་འཕེལ་རྒྱས། དབུལ་ཕོངས་ལས་གྲོལ་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་། དམག་སྟོབས་དམག་རྒྱས། གཡོར་འདེགས་རྒྱང་སྐྱོད། དད་སེམས། བྱ་གཞག་རླབས་པོ་ཆེ། འགག་སྒྲོལ། ཕུགས་འདུན་དོན་གཉེར་བཅས་རེད། སྦྲག་འཛིན་ལ་དམིགས་བསལ་དུ་མདོག་གཉིས་ཀྱི་ཆེམ་འོད་དམར་པོའི་སྣུམ་སྣག་སྤྱད་ཡོད་དེ། དམར་སེར་གཉིས་ཀྱི་ཚོན་མདོག་གཙོར་བྱས་ནས་སྣུམ་ཚོན་རི་མོའི་དངོས་བྲིས་ཀྱི་མཚོན་ཐབས་སྤྱད་ཡོད་པ་མ་ཟད། མགོ་བྱང་དམར་པོས་སྦྲག་འཛིན་དག་རྒྱུན་མ་ཆད་པར་མཐུད་པས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་མཚོན་ཡོད། 
        དྲན་རྟེན་ཡིག་ཤུབས་ངོས་སུ་ཏང་རྟགས་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང”ཞེས་པའི་གསེར་མདོག་གི་ཡི་གེ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཚོན་རྟགས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་གི་ཚོན་རྩིའི་ལྡེབས་རིས་ཆེ་གྲས《ལྕགས་རི་རིང་པོར་བསྟོད་པ》སོགས་མཚོན་ཚུལ་རིི་མོ་མངོན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1