དཀར་མཛེས་ཀྱི་མཛེས་ལྗོངས་ཁུལ་འདིར་དགེ་སློབ་ཀྱིས་རིན་པ་སྤྲོད་མི་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-05



    སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རོང་བྲག་རྫོང་གིས་ཁྲེང་ཏུའུ་རུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ཟླ་7ཚེས་1ཉིན་ནས་ཟླ་9ཚེས་10ཉིན་བར། རྫོང་དེའི་ས་ཁོངས་ཧྲིལ་པོའི་མཛེས་ལྗོངས་ཁུལ་གྱིས་ཉིན་གང་ལམ་ལུགས་ཀྱི་སློབ་གྲྭའི་དགེ་སློབ་ཚང་མར་སྒོ་འཛིན་གྱི་རིན་པ་མི་དགོས་པ་ཡོངས་བསྒྲགས་བྱས་ཤིང་། ཡོངས་བསྒྲགས་ཚོགས་འདུ་དེས་ད་དུང་མི་ཚོགས་གཞན་པའི་སྒོ་འཛིན་ལའང་གཟིགས་སྐྱོང་སྲིད་ཇུས་ཁྱབ་བསྒྲགས་བྱས་པ་རེད།

   ཉེ་བའི་ལོ་ཤས་རིང་། རོང་བྲག་རྫོང་གིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས་གཏོང་རྒྱུ་སོགས་འཕེལ་རྒྱས་ཀྱི་ཐབས་ལམ་བྱས་ཤིང་། “གནའ་བོའི་མཁར་རྫོང་དང་བོད་སྡེ། མཛེས་མའི་ལུང་བ།”ཞེས་པའི་སྤུས་རྟགས་བཏོད་དེ་སྔོན་ལ་སི་ཁྲོན་ནུབ་རྒྱུད་ས་མཐོའི་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུ་ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ཀྲུང་ཧྭ་མི་རིགས་ལྷོ་བྱང་མཉམ་འདྲེས་དང་། རྒྱལ་རོང་བཟོ་སྐྲུན་གྱི་རྒྱ་ཆེ་ལ་གཏིང་ཟབ་པའི་རིག་གནས་དོན་སྙིང་། སྐྱེས་མའི་རིག་གནས་ལོ་ངོ་སྟོང་རིང་རྒྱུན་འཛིན་བྱུང་བ། གྲོང་གསེབ་ཡུལ་སྐོར་མཐོ་སྒང་དུ་སྔོན་ལ་ལག་བསྟར་བཅས་བྱེད་མཁན་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1