དམར་དམག་རྒྱང་སྐྱོད་ཀྱི་ལམ་ཆུང་བརྒྱུད་ནས་འབྱོར་འབྲིང་གི་ལམ་ཆེན་དུ་སྐྱོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-05


དམར་དམག་རྒྱང་སྐྱོད་ཀྱི་ལམ་ཆུང་བརྒྱུད་ནས་འབྱོར་འབྲིང་གི་ལམ་ཆེན་དུ་སྐྱོད།

1936ལོའི་སྤྱི་ཟླ3པའི་ཚེས5ཉིན།ལིའུ་པོ་ཁྲེང་དང་ཁྲེང་ཧྲི་ཚའེ་ཡིས་མགོ་ཁྲིད་གནང་འོག་དམར་དམག་འབུམ་ཤོག་བཞི་པའི་སྔོན་སྐྱོད་དམག་དཔུང་འབུམ་ཤོག་སུམ་ཅུ་པའི་ཁྲི་ཤོག་གྱ་བརྒྱད་པ་བྲག་མགོ་རྫོང་དུ་བཅའ་སྡོད་བྱས་ཤིང་། སྔ་གཞུག་ཏུ་ཀྲུའུ་ཏེ་དང་ལི་ཞན་ཉན་སོགས་མགོ་ཁྲིད་པས་དམར་དམག་ཁྲིད་ནས་བྲག་མགོ་ལ་སླེབས། དམར་དམག་དཔོན་དམག་ཁྲི་བཞི་ལྷག་གནས་དེར་ལོ་ཕྱེད་ལྷག་ལ་ངལ་གསོ་བྱས།

ཉིན200ཙམ་གྱི་རིང་དམར་དམག་དང་ས་གནས་དེ་གའི་བོད་རིགས་མང་ཚོགས་བར་མཛའ་གྲོགས་ཟབ་མོ་ཆགས་ཡོད་པས་ས་གནས་དེ་གར་དམར་དམག་གི་གཏམ་རྒྱུད་གྲངས་ལས་འདས།རྫོང་མཁར་དང་བར་ཐག་སྤྱི་ལེ12ཡོད་པའི་ཤྭ་རྭ་ཐང་གྲོང་རྡལ་བ་བཏག་གྲོང་སྡེའི་རྩྭ་རྡུལ་བར་གསེང་ན་ལམ་ཆུང་ཞིག་མཐོང་རྒྱུ་ཡོད་ཅིང་། ལོ70ལྷག་གི་གོང་དུ་དམར་དམག་ཚོས་ལམ་ཆུང་འདིའི་ཐོག་ཏུ་བསྐྱོད་མྱོང་། དམར་དམག་གིས་ཡུལ་མིར་རོགས་རམ་བྱས་པའི་གཏམ་རྒྱུད་དེ་དག་འདི་ནའི་རྒན་རྒོན་ཚོས་ཁྱིམ་གྱི་བུ་ཕྲུག་ཚོར་བཤད་དེ་ཁོ་ཚོར་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་དམར་དམག་གིས་བོད་རིགས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པའི་གཟི་བརྗིད་དང་བཀའ་དྲིན་ཡིད་ལ་འཇོག་ཏུ་བཅུག་ཡོད། བ་བཏག་གྲོང་སྡེའི་ཀྲི་པུའི་ཧྲུའུ་ཅི་ཕིང་ཨན་གྱིས་གསར་འགོད་པར་དམར་དམག་གི་ལམ་ཆུང་ངོ་སྤྲོད་བྱས་མཐར་རྒྱང་རིང་གི་གྲོག་རོང་ཞིག་ལ་མཛུབ་མོ་བཙུགས་ཏེ་འདི་ན་དམར་དམག་གིས་བོད་རིགས་མང་ཚོགས་རྣམས་སྐྱོབ་ཆེད་རང་སྲོག་འཛེམ་མེད་དང་ཐ་ན་རང་ཉིད་ཀྱི་ཚེ་སྲོག་ཀྱང་བློས་བཏང་མྱོང་།སྐབས་དེ་དུས་དམར་དམག་གི་ལྡིང་དཔོན་ཞིག་གིས་གྲོང་མིར་རོགས་རམ་བྱས་ནས་ཐོན་སྐྱེད་འཕེལ་རྒྱས་གཏོང་ཆེད་རང་སྲོག་བློས་བཏང་པས་དུས་དེ་ནས་བཟུང་ཡུལ་མི་ཚོས་ལུང་པ་དེར་ལྡིང་དཔོན་ལུང་པ་ཞེས་འབོད་ཀྱི་ཡོད།

ལོ་བརྒྱར་རིང་གི་འདས་སོང་གི་ལོ་ཟླ་ཁྲོད་ཀྲུང་གོའི་གུང་ཁྲན་ཏང་གིས་དམངས་ཀྱི་དོན་དུ་བདེ་སྐྱིད་གཉེར་བ་དང་དམངས་ཀྱི་དོན་དུ་འཕེལ་རྒྱས་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་ལ་ནམ་ཡང་འགྱུར་ལྡོག་བྱུང་མ་མྱོང་། གྲོང་མི་ཆོས་སྐྱིད་ཀྱི་བང་ཁང་དུ་བཟོ་པ་ཁག་གཅིག་གིས་ཚ་ཚ་འུར་འུར་ངང་ནས་ལས་ཀ་བྱེད་བཞིན་འདུག ཆོས་སྐྱིད་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་བཟང་པོ་ལག་བསྟར་བྱས་པར་བརྟེན་ནས་ངའི་ཁྱིམ་གྱི་ཁང་པ་དེ་བསྐྲུན་པ་ཡིན། ད་ཡང་ཡུལ་སྡེ་དར་རྒྱས་གཏོང་མགོ་ཚུགས་པས་རྫོང་གིས་སླར་ཡང་དངུལ་བཏོན་ནས་ང་ལ་སྡོད་ཁང་སྒྱུར་བཀོད་བྱེད་རོགས་བྱས་བྱུང་། བསྒྱུར་བཀོད་བྱས་རྗེས་ཁང་མིག11གི་ནང་དུ་ཡུལ་སྐོར་བར་སྣེ་ལེན་བྱེད་བཞིན་ཡོད། ངས་ཐོག་བརྩེགས་གཉིས་པར་ཚིག་ཇ་ཁང་ཞིག་བསྐྲུན་རྩིས་བྱེད་བཞིན་ཡོད། རྗེས་སུ་ཡུལ་སྐོར་བ་ཚོས་དེ་ན་ཚིག་ཇ་འཐུང་བ་དང་བོད་ཟས་ཟ་བས་མ་ཚད་ཕྱི་རོལ་གྱི་མཛེས་ལྗོངས་ལ་ལྟ་ཆོག་གིན་རེད་ཅེས་བཤད།

ཆོས་སྐྱིད་ཀྱི་ཨ་ཕས་གསར་འགོད་པར་དབུལ་ཐར་འགག་སྒྲོལ་ལག་བསྟར་བྱས་ནས་ལོ་གསུམ་གྱི་ནང་ང་ཚོའི་ཁྱིམ་མི་བདུན་པོའི་ལོ་རེའི་ཡོང་འབབ་སྒོར་ཁྲི་བཅུ་ཡན་ལ་ཟིན་གྱི་ཡོད།ཏང་གི་སྲིད་ཇུས་བཟང་པོ་གཅིག་རྗེས་གཉིས་མཐུད་དུ་ལག་བསྟར་བྱས་ནས་བང་ཁང་བསྒྱུར་བཀོད་བྱས་རྗེས།ནང་མི་ཚང་མ་ཕར་རྒྱུག་ཚུར་རྒྱུག་བྱ་མི་དགོས་པར་ནང་ལ་བསྡད་ནས་ཡོང་འབབ་གསོག་ཐུབ་ཀྱིན་ཡོད་ཅེས་བཤད།

བ་བཏག་གྲོང་སྡེའི་གྲོང་སྡེའི་བཅའ་སྡོད་ལས་བྱེད་པ་ཧྲེན་ཀྲུང་ཡུས་ཀྱིས་ཉེ་བའི་ལོ་ཤས་རིང་བྲག་མགོ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།བ་བཏག་གྲོང་སྡེའི་མང་ཚོགས་ཚོགས་ཆེན་ཐོག་བརྡས་ཐག་བཅད་ནས་མོས་མཐུན་བྱས་པ་བརྒྱུད་བ་བཏག་ཡུལ་སྐོར་གྲོང་གསར་གྱི་ཡུལ་མིའི་སྣེ་ལེན་ཐོན་ལས་དེ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ལ་བརྩིས་ནས་བ་བཏག་གྲོང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན།མི་རིགས་མཐུན་སྒྲིལ་བཅས་ལ་སྐུལ་འདེད་བཏང་ཡོད། ད་སྔར་གྲོང་སྡེ་ཡོངས་ཀྱི་དུད་ཚང15ལ་སྒྱུར་བཀོད་བྱེད་བཞིན་ཡོད་པས་ཟླ་བ་རྗེས་མར་ཡུལ་སྐོར་བར་སྣེ་ལེན་ཞུ་ཆོག་གི་ཡོད་ཅེས་བཤད།

ཕིན་ཨན་གྱིས2016ལོའི་གོང་དུ་གྲོང་སྡེའི་ནང་གི་ལམ་ཚང་མ་ས་ལམ་ཡིན་ཏེ་གནམ་དྭངས་དུས་ཐལ་རྡུལ་གྱིས་ཁེངས་པ་དང་ཆར་པ་བབས་དུས་འདམ་གྱིས་ཁེངས་བཞིན་ཡོད། ཡིན་ཡང་དབུལ་ཐར་འགག་སྒྲོལ་གྱི་འཐབ་ཇུས་ལག་ལེན་བསྟར་བྱས་རྗེས་གྲོང་སྡེའི་མ་ལམ་དང་དུད་ཚང་ལ་སྐྱོད་པའི་ལམ་བུ་ཚང་མ་ཨར་འདམ་ལམ་བསྐྲུན་ཟིན་པས་ཡུལ་མི་ལ་མཚོན་ན་བགྲོད་ལམ་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད་ཅེས་བཤད།

བ་བཏག་གྲོང་སྡེར་སྐྱོད་སྐབས།དུད་ཚང་རེ་རེའི་གྱང་ངོས་སུ་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་དར་སྤེལ་བཏང་ནས། དགའ་ཞེན་ལྔའི་བྲག་མགོ་པ་བྱ་རྒྱུར་བརྩོན་ལེན་བྱེད་ཅེས་པའི་དྲིལ་བསྒྲགས་རི་མོ་བཀལ་ཡོད། ཕིན་ཨན་གྱིས་བ་བཏག་ཡུལ་མི་ཚོས་མེས་རྒྱལ་ལ་དགའ་བ་དང་ཏང་གི་བཀའ་དྲིན་ཚོར་བ།ཏང་གི་བཀའ་ལ་ཉན་པ།ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཚང་མ་ཕྱོགས་ཡོངས་ནས་འབྱོར་འབྲིང་ལམ་བུའི་ཐོག་བསྐྱོད་ཐུབ་རྒྱུའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1