གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༠༥ཉིན།

ཞི་ཅིན་ཕིང་གི་7.1གསུང་བཤད་ལ་ལན་ཆ་ཧ་ཅང་ཡག་པོ་བྱུང་འདུག



    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་སྐབས། བདེན་དོན་རྒྱུན་འཁྱོངས་དང་ཕུགས་བསམ་རྒྱུན་འཁྱོངས། ཐོག་མའི་བསམ་འདུན་ལག་བསྟར། འགན་འཁྲི་འཁུར་བ། བློས་གཏོང་ལ་མི་སྐྲག་པ། དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་དང་མི་དམངས་ཀྱི་རེ་བ་སྟོང་ཟད་མི་གཏོང་བ་བཅས་ཀྱི་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་ལ་འགྲེལ་བརྗོད་ཐེངས་དང་པོ་གནང་ཡོད། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོ་ངེས་ནས་མུ་མཐུད་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ། ནམ་ཡང་ཏང་འཛུགས་ཀྱི་རླབས་ཆེའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད། 

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལོ་ངོ་བརྒྱའི་གོང་དུ། ཀྲུང་གོ་གུང་ཁྲན་ཏང་གི་སྔོན་བྱོན་པ་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་གནང་བ་དང་། དུས་དེ་ནས་བཟུང་བདེན་དོན་རྒྱུན་འཁྱོངས་དང་ཕུགས་བསམ་རྒྱུན་འཁྱོངས། ཐོག་མའི་བསམ་འདུན་ལག་བསྟར། འགན་འཁྲི་འཁུར་བ། བློས་གཏོང་ལ་མི་སྐྲག་པ། དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་དང་མི་དམངས་ཀྱི་རེ་བ་སྟོང་ཟད་མི་གཏོང་བ་བཅས་ཀྱི་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་གྲུབ་ཡོད། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་བསམ་པའི་འབྱུང་ཁུངས་ཡིན་ཞེས་ནན་སྟོན་གནང་བར། “བདུན་གཅིག་གཟེངས་རྟགས”ཐོབ་མཁན་ཝང་ལན་ཧྭ་ཡིས། རླབས་ཆེའི་ཏང་འཛུགས་སྙིང་སྟོབས་ངས་སེམས་ནང་གསལ་པོར་ངེས་ཡོད།  དེ་ཡང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་འབེན་རྒྱུན་འཁྱོངས་དང་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱས་ནས་མང་ཚོགས་ལ་བརྟེན་དགོས་ཞེས་བརྗོད་ཡོད། 

    “དུས་རབས་ཀྱི་མིག་དཔེ”དང་“ཀྲུང་གོའི་ཚགས་དམ་རྒྱུད་འདྲེས་མ་རྨོས་ལོ་ཏོག་གི་ཕ”རུ་འབོད་པའི་ལི་ཏེང་ཧའེ་ཡིས། ལོ་བརྒྱའི་རྒྱང་སྐྱོད་གསར་པ་འགོ་ཚུགས་པས། ང་ཚོས་དད་སེམས་བརྟན་དུ་བཏང་ནས་མུ་མཐུད་དེ་རྒྱལ་ཁབ་ཀྱི་རྒྱུད་འདྲེས་མ་རྨོས་ལོ་ཏོག་ཐད་ཀྱི་ཞིབ་བཟོ་གསར་གཏོད་ཀྱི་ལོ་རྒྱུས་འགན་འཁྲི་རང་འགུལ་ངང་འཁུར་རྒྱུ་ཡིན་ཞེས་བརྗོད་ཡོད། 

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལོ་ངོ་བརྒྱའི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བཏང་ནས། ཡུན་རིང་འབད་འཐབ་ཁྲོད་དུ་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་བཏོད་པ་དང་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ཀུན་སྤྱོད་ལ་ཞུན་བརྡར་ཐུབ་པ་བྱས་ཡོད་ཅེས་ནན་སྟོན་གནང་བར། ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་གི་འགོ་འཛིན་གཞོན་པ་ཡང་ཡུས་ཀྱིས། ང་ཚོས་གཅིག་ནས་ཀྲུང་གོ་གུང་ཁྲན་ཏང་ཧྲང་ཧའེ་རུ་གང་འདྲ་བྱས་ནས་བཙུགས་མིན་གྱི་གཏམ་རྒྱུད་ཡག་པོ་བརྗོད་དགོས་ལ། གཉིས་ནས་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་དང་མཐུན་སྒྲིལ་བྱས་ནས་རླབས་ཆེའི་བྱ་གཞག་ཁྲོད་དུ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཇི་ལྟར་བཏོད་མིན་དང་བརྗིད་ཆེའི་སྟོབས་ཤུགས་གཅིག་སྡུད་ཇི་ལྟར་བྱས་མིན་དེ་བས་ཡག་པོ་བརྗོད་ནས། སྔོན་བྱོན་པ་རྣམས་ཀྱི་སྙིང་སྟོབས་རྒྱུན་ཆད་མེད་པར་རྒྱུན་འཛིན་བྱེད་དགོས་ཞེས་བརྗོད་ཡོད། 

    ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོར་ཆད་པ་མེད་ལ། སྙིང་སྟོབས་མི་རབས་ནས་མི་རབས་རྒྱུན་འཛིན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ང་ཚོས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་དར་སྤེལ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ནས་ནམ་ཡང་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཞེས་ནན་སྟོན་གནང་བར།  རྩིས་བཤེར་ཧྲུའུ་ཡི་ཏང་ཨུད་ཀྱི་རྒྱུན་ཨུད་ཧྲུའུ་ཅི་གཞོན་པ། སྐོར་ཞིབ་གཞུང་ལས་ཁང་གི་ཀྲུའུ་རེན་ལུས་ཅིན་སུང་གིས། ཐོག་མའི་བསམ་འདུན་ལག་བསྟར་དང་འགན་འཁྲི་ཕྲག་ཏུ་འཁུར་ཏེ། རྩིས་བཤེར་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་བརྟན་པོ་ངེས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་རྒྱུན་ཆད་མེད་པར་ལེགས་སྐྱེས་གསར་པ་འབུལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། 

    རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན། ཀྲུང་ཐན་ངར་ལྕགས་ཚོགས་པ་ཚད་ཡོད་ཀུང་སིའི་སྲེག་མཐུད་བཟོ་གྲྭ་དང་པོའི་འཕྲུལ་ཆས་བཟོ་བཅོས་དུམ་བུའི་འགོ་འཛིན་མོང་ཧྥན་ཐིང་གིས།  ང་ནི་ལག་རྩལ་མི་སྣ་ཞིག་ཡིན་ལ། དེ་བས་ཀྱང་གུང་ཁྲན་ཏང་ཡོན་ཞིག་ཡིན། རྒྱུན་གཏན་གྱི་ལས་ཀའི་ཁྲོད་དུ། ངས་རང་རྟོགས་ངང་གནད་དོན་ཤེས་རྟོགས་དང་འགག་གཏོར་བྱེད་མཁས་པ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་ང་ཚོ་ཐོན་ལས་བཟོ་པའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད། 

    བཟོ་ལས་དང་ཆ་འཕྲིན་ཅན་པུའི་སའེ་ཏི་ཞིབ་འཇུག་ཁང་གི་ཏང་ཨུད་ཧྲུའུ་ཅི་སུང་ཞན་ཀྲུའུ་ཡིས། ལས་ཀའི་ཁྲོད་དུ་བློས་གཏོང་ལ་མི་སྐྲག་པ་དང་དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་ཕོད་པ་བྱེད་དགོས་པ་དང་། སེམས་ཐག་ཆོད་པོས་ཞན་ཆ་གསབ་པ་དང་གནད་དོན་ཐག་གཅོད་བྱས་ཏེ། བཟོ་སྐྲུན་ལས་རིགས་སྤུས་མཐོའི་གོང་འཕེལ་ཡོང་བ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཆེད་ང་ཚོ་བཟོ་ལས་ཆ་འཕྲིན་མི་སྣའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད། 

   པེ་ཅིང་མཁའ་སྐྱོད་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱི་སྤྱི་ཁྱབ་དཔོན་གཞོན་པ་ཝང་སའེ་ཅིན་གྱིས། གསར་གཏོད་ཀྱི་བསམ་བློ་རྒྱ་ཆེ་རུ་གཏོང་བ་དང་ཆེས་ལེགས་པའི་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་སྟེ། མཁའ་སྐྱོད་ལས་འགན་གྱི་གོང་འཕེལ་དགོས་མཁོ་དམིགས་འབེན་དུ་བཟུང་ནས་ལྟེ་བའི་འགག་རྩའི་ལག་རྩལ་གྱི་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་བླངས་ཐོག་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་ཀྲུང་དབྱང་བློ་ཡིད་འཚིམ་པའི་རྒྱུགས་ལན་ཞིག་སྤྲོད་རྒྱུ་ཡིན་ཞེས་བརྗོད་ཡོད། 

    ཆེས་མཐོའི་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་ཁང་གི་འགོ་འཛིན་ཆན་ཞའོ་ཁྲེན་གྱིས། ནམ་ཡང་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བཏང་ནས། ཏང་ལ་བློ་དཀར་དང་མི་དམངས་ཀྱི་རེ་བ་སྟོང་ཟད་མི་བཏང་བར། མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་འབྲེལ་བ་རྒྱུན་འཁྱོངས་བྱས་ཐོག་མི་དམངས་མང་ཚོགས་ཀྱི་ཞུ་གཏུག་ཐད་ཀྱི་དཀའ་གནད་དག་ཐག་གཅོད་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད། 

   རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པ། ཐན་ཅིན་གྲོང་ཁྱེར་ཧོ་ཏུང་ཁུལ་ཐའོ་རན་ཐིང་སྡེ་ཁུལ་གྱི་ཏང་ཨུད་ཧྲུའུ་ཅི།  གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ལི་ཡིས། ང་ཚོ་ནི་སྡེ་ཁུལ་གྱི་ལས་ཀ་བྱེད་མཁན་ཞིག་ཡིན་པས། བསམ་བློ་གཏོང་ཡུལ་གཅིག་དང་ཤུགས་རྒྱག་ཡུལ་གཅིག་བྱས་ཏེ་མང་ཚོགས་ཀྱི་ལས་ཀ་རང་ཉིད་ཀྱི་ལས་ཀར་བརྩིས་ནས་བསྒྲུབ་དགོས་ཞེས་བརྗོད་ཡོད་པ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1