ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྫོང་ཏང་ཨུའི་ཧྲུའུ་ཅིའི་ཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་དང་བཞུགས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-14


 ཀྲུང་དབྱང་ཏང་གི་སློབ་གྲྭའི་རྫོང་ཏང་ཨུའི་ཧྲུའུ་ཅིའི་ཟབ་སྦྱོང་འཛིན་གྲྭ་ཐེངས་དང་པོའི་སློབ་མའི་བཞུགས་མོལ་ཚོགས་འདུའི་ཡུལ་དངོས།  

 བཞུགས་མོལ་ཚོགས་འདུ་གྲོལ་རྗེས། ཞི་ཅིན་ཕིང་གིས་ཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་དང་སྙིང་ཉེ་བའི་ངང་བསམ་བློ་བརྗེ་རེས་མཛད།

             སྤྱི་ཟླ་1པོའི་ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་རྫོང་ཏང་ཨུའི་ཧྲུའུ་ཅིའི་ཟབ་སྦྱོང་འཛིན་གྲྭ་ཐེངས་དང་པོའི་སློབ་མ་རྣམས་དང་བཞུགས་མོལ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།   

            ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། རྫོང་རིམ་པའི་སྲིད་དབང་གི་འགན་འཁྲི་ཉིན་རེ་བཞིན་ཇེ་མང་དུ་སོང་བ་དང་། ལྷག་པར་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་བར་བྱེད་པ་དང་། ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་བཅས་ཀྱི་གོ་རིམ་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། བློ་མཐུན་ཅའོ་ཡུས་ལུའུ་ཡིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་སྟེང་ནས་ཕུལ་བྱུང་ཏང་ཡོན་དང་ཕུལ་བྱུང་རྫོང་ཏང་ཨུའི་ཧྲུའུ་ཅིའི་སྣང་བརྙན་བཟང་བོ་བསྐྲུན་ཡོད། རྫོང་ཏང་ཨུའི་ཧྲུའུ་ཅི་ཞིག་བྱ་དགོས་ན་བློ་མཐུན་ཅའོ་ཡུས་ལུའུ་ལྟ་བུའི་རྫོང་ཏང་ཨུའི་ཧྲུའུ་ཅི་བྱ་དགོས་ལ། དུས་ནམ་ཡང་སེམས་ལ་ཏང་ཡོད་པ་དང་སེམས་སུ་དམངས་ཡོད་པ། སེམས་སུ་འགན་ཡོད་པ། སེམས་སུ་འཛེམ་བྱ་ཡོད་པ་བཅས་བྱ་དགོས་ཞེས་གསུངས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིའུ་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1