གསེར་རྟ་སེ་ར་དགོན་གྱིས་ཏང་བཙུགས་དུས་སྟོན་འདི་ལྟར་བསུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-06



 གསེར་རྟ་སེ་ར་དགོན་གྱིས་ཏང་བཙུགས་དུས་སྟོན་འདི་ལྟར་བསུས།

         ་ཟླ7པའི་ཚེས1ཉིན། གསེར་རྟ་རྫོང་སེ་ར་དགོན་དོ་དམ་ཨུ་ལྷན་གྱིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ༡༠༠འཁོར་བར་རྟེན་འབྲེལ་ཞུ་ཆེད། སེ་ར་དགོན་གྱི་གྲྭ་བཙུན་ཡོངས་སྒྲིག་འཛུགས་བྱས་ནས“རྒྱལ་གཅེས་ཆོས་གཅེས་དང་། ཕ་ཡུལ་ལ་དགའ་ཞེན”ཞེས་པའི་བོད་ཀྱི་ཡིག་གཟུགས་དང་སྙན་ངག་གྱེར་འདོན། མཚན་ཉིད་རྩོད་བཤེར་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

 

གསེར་རྟ་སེ་ར་དགོན་གྱིས་ཏང་བཙུགས་དུས་སྟོན་འདི་ལྟར་བསུས།

གསེར་རྟ་སེ་ར་དགོན་གྱིས་ཏང་བཙུགས་དུས་སྟོན་འདི་ལྟར་བསུས།
གསེར་རྟ་སེ་ར་དགོན་གྱིས་ཏང་བཙུགས་དུས་སྟོན་འདི་ལྟར་བསུས།

        བྱེད་སྒོ་རུ་ཐོག་མར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཚུན་གྱི་ཚོགས་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་དང་དུས་བསྟུན་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱེད་པ་སོགས་ཀྱི་སྐོར་ནས་བརྒྱུད་བསྒྲགས་བྱས་པ་དང་། སེ་ར་དགོན་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་ཡོངས་དང་ཁེས་སྐོར་ཡུལ་ཤོག་གི་ལས་བྱེད་པ་ཁག་གཅིག་བྱེད་སྒོར་ཞུགས་པ་རེད།

 གསེར་རྟ་སེ་ར་དགོན་གྱིས་ཏང་བཙུགས་དུས་སྟོན་འདི་ལྟར་བསུས།
གསེར་རྟ་སེ་ར་དགོན་གྱིས་ཏང་བཙུགས་དུས་སྟོན་འདི་ལྟར་བསུས།

        དགོན་པའི་དགེ་འདུན་པ་ཚོས་ཏང་བཙུགས་ནས་ལོ༡༠༠འཁོར་བར་བསུ་མ་ཞུ་ཕྱིར། རྒྱལ་གཅེས་ཆོས་གཅེས་དང་ཏང་གི་བཀའ་དྲིན་དྲན་པ། མེས་རྒྱལ་ལ་བསྟོད་པ་སོགས་ཀྱི་བོད་ཡིག་ཡིག་གཟུགས་དང་སྙན་ངག་གྱེར་འདོན་སོགས་ཀྱི་འགྲན་བསྡུར་སྤེལ་བ་དང་། དགེ་འདུན་པ་ཁྱོན62བྱེད་སྒོའི་འགྲན་བསྡུར་ནང་ཞུགས་ཤིང་། དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་དོན་གྲུབ་ཀྱིས་བྱེད་སྒོ་གཙོ་སྐྱོང་བྱས་པ་དང་། ཤན་འབྱེད་པའི་འགན་གཙོ་བོ་ཁུར་བ་རེད།

 གསེར་རྟ་སེ་ར་དགོན་གྱིས་ཏང་བཙུགས་དུས་སྟོན་འདི་ལྟར་བསུས། 

         དཔྱད་འདེམས་ཨུ་ལྷན་གྱིས་ཡིག་གཟུགས་དང་སྙན་ངག་གྱེར་འདོན། རྩོད་བཤེར་སོགས་ཀྱི་འགྲན་བསྡུར་ལས་དཔྱད་འདེམས་བྱས་མཐར་ཨང་རིམ་དང་པོ་དང་གཉིས་པ། གསུམ་པ་བཅས་ལ་བྱ་དགའ་སྤྲད་པ་རེད། ཐེངས་འདིའི་བྱེད་སྒོས་རྫོང་རང་གི་བོད་བརྒྱུད་ནང་བསྟན་ལས་རིགས་སུ་རྒྱལ་གཅེས་ཆོས་གཅེས་དང་ཕ་ཡུལ་ལ་དགའ་ཞེན་བྱེད་པའི་སྙིང་སྟོབས་ཁྱོན་ཡོངས་ནས་དར་སྤེལ་བཏང་བ་རེད།

 

གསེར་རྟ་སེ་ར་དགོན་གྱིས་ཏང་བཙུགས་དུས་སྟོན་འདི་ལྟར་བསུས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1